ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་དབྱིན་ཀེ་ལན་དུ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་བྱས་པའི་གྲོས་གཞིར་གྲོས་འཆམ་བྱུང་བ།

2021-01-07 11:33:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གི་དུས་ཚོད་སྤྱི་ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་15གཡས་གཡོན་དུ། དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་རྒྱབ་སྐྱོར་འཕེན་ཤོག་524དང་། ངོ་རྒོལ་འཕེལ་ཤོག་16གི་མཇུག་འབྲས་གི་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གིས་སྟོན་པའི་དབྱིན་ཀེ་ལན་དུ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གསར་ཤོས་ལག་བསྟར་བྱས་པའི་གྲོས་གཞིར་གྲོས་འཆམ་བྱུང་ཡོད།

སྲིད་གཞུང་གི་བྱ་ཐབས་དེ་དེའི་གོང་གི་སྤྱི་ཚེས་5ཉིན་གྱི་ཐོ་རེངས་ཆུ་ཚོད་0ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། གྲོས་ཚོགས་ཁང་གིས་དོན་དངོས་ཐོག་གྲོས་གཞིར་ཆོག་མཆན་རྗེས་སྤྲོད་བྱས་པ་ཞིག་ཡིན་པ་རེད། གྲོས་ཚོགས་ཁང་གི་གྲོས་འཆམ་བྱུང་བའི་གྲོས་གཞིར་གཞིགས་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནན་པོ་དེ་ཉུང་མཐར་ཡང་ཟླ་3ཚེས་31ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། དབྱིན་ཇིའི་སྲིད་གཞུང་གིས་སྤྱི་ཚེས་6ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དབྱིན་ཇིར་ཉིན་དེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་དྲུག་ཁྲི་2322མང་དུ་ཕྱིན་ཡོད་པ་དང་། སླར་ཡང་རྒྱལ་ཁབ་དེས་རིམས་ནད་ཐོན་ཚུན་གྱི་ཉིན་རྐྱང་པར་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་མང་དུ་ཕྱིན་པའི་ཟིན་ཐོ་མཐོ་ཤོས་དེ་བཏོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་དབྱིན་ཀེ་ལན་དུ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་བྱས་པའི་གྲོས་གཞིར་གྲོས་འཆམ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གི་དུས་ཚོད་སྤྱི་ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་15གཡས་གཡོན་དུ། དབྱིན་ཇིའི་གྲོས་ཚོགས་ཁང་གི་གྲོས་ཚོགས་སྨད་པས་རྒྱབ་སྐྱོར་འཕེན་ཤོག་524དང་། ངོ་རྒོལ་འཕེལ་ཤོག་16གི་མཇུག་འབྲས་གི་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད།