ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོར་འགོག་རྒོལ་ཟིང་འཁྲུག་ལངས་པ།

2021-01-07 11:32:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་1པོའི་ཚེས་6ཉིན་གྱི་ཕྱི་དྲོ། འགོག་རྒོལ་བྱེད་མཁན་བརྒྱ་ལྷག་གིས་ཨ་རིའི་རྒྱལ་ས་ཧྭ་ཧྲེང་ཏུན་དམིགས་བསལ་ཁུལ་དུ་འདུ་འཛོམས་བྱས་ནས། ཐེ་རོན་ཕུར་རྒྱབ་སྐྱོར་བྱེད་ཆེད་རྔམ་སྟོན་བྱེད་སྒོ་སྤེལ་ནས། ད་ལྟ་སྤེལ་བཞིན་པའི་རྒྱལ་ཚོགས་མཉམ་ཞུགས་གྲོས་ཚོགས་ལ་གནོན་ཤུགས་སྤྲད་པ་དང་། དེས་པའེ་ཏེང་ལ་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་མཇུག་འབྲས་ལ་ཁས་ལེན་དུ་མི་འཇུག་པའི་ཆེད་དུ་ཡིན་པ་རེད། འགོག་རྒོལ་མཁན་ཁ་ཤས་ཀྱིས་ཨ་རིའི་རྒྱལ་ཚོགས་ཐོག་ཁང་གི་མཐའ་འཁོར་དུ་བཟོས་པའི་འགོག་རྐྱེན་ལས་སྒྲོལ་ཏེ། དྲག་ཆས་སྤྲད་པའི་ཉེན་རྟོག་པ་དང་འཛིང་མོ་བྱས་ཡོད། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་གནས་ཚུལ་ཤེས་རྟོགས་བྱུང་བའི་མི་སྣ་གཉིས་ཀྱི་སྐད་ཆ་ལུང་དུ་དྲངས་ནས་ཟུར་གསལ་བྱས་པར་གཞིགས་ན། བུད་མེད་གཅིག་རྒྱལ་ཚོགས་ཐོག་ཁང་དུ་བྲང་ཁར་མེ་མདའ་ཕོག་ནས། མིག་སྔར་གནས་ཚུལ་ཚབས་ལྗིད་པོ་ཡོད། ཧྭ་ཧྲེང་ཏུན་གྱི་རྔམ་སྟོན་ཁྲོམ་སྐོར་དེ་རྩུབ་སྤྱོད་ཀྱི་ཕྱོགས་སུ་འགྱུར་བ་དང་། དེས་མ་ཟད་རྒྱལ་ཚོགས་ཀྱི་བྱེད་སྒོར་འཇིགས་སྐུལ་བྱས་པའི་དབང་གིས། ཧྭ་ཧྲེང་ཏུན་གྱི་གྲོང་སྤྱི་པའོ་ཙེས་ཉིན་དེའི་དགོང་མོའི་ཆུ་ཚོད་6པ་ནས་འགོ་ཚུགས་ཏེ་མཚན་འགྲུལ་བཀག་ནས་སྤྱི་ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་6པའི་བར་རྒྱུན་མཐུད་བྱ་རྒྱུའི་བཀའ་བཏང་ཡོད་པ་རེད། ཨ་རིའི་རྒྱལ་ཚོགས་ཁང་གི་གྲོས་མི་ཡང་རང་སར་ཉེན་གཡོལ་བྱེད་དགོས་པའི་བླང་བྱ་སྟོན་ཡོད།

ཨ་རིའི་བདམས་ཐོན་བྱུང་བའི་ཙུང་ཐུང་པའེ་ཏེང་གིས་ས་གནས་འདི་གའི་དུས་ཚོད་སྤྱི་ཚེས་6ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་དུ་ཐོན་པའི་འགོག་རྒོལ་ཟིང་འཁྲུག་སྐབས་སུ་གཏམ་བཤད་སྤེལ་ནས། ཐེ་རོན་ཕུས་གབ་ནས་མ་བསྡད་པར་རྒྱབ་སྐྱོར་མཁན་ལ་སྐད་ཆ་བཤད་ནས། ཟིང་འཁྲུག་དེ་མཚམས་འཇོག་བྱེད་དགོས་པའི་རེ་འབོད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཚོགས་ཀྱི་ཐོག་ཁང་ཆེན་མོར་འགོག་རྒོལ་ཟིང་འཁྲུག་ལངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་1པོའི་ཚེས་6ཉིན་གྱི་ཕྱི་དྲོ། འགོག་རྒོལ་བྱེད་མཁན་བརྒྱ་ལྷག་གིས་ཨ་རིའི་རྒྱལ་ས་ཧྭ་ཧྲེང་ཏུན་དམིགས་བསལ་ཁུལ་དུ་འདུ་འཛོམས་བྱས་ནས། ཐེ་རོན་ཕུར་རྒྱབ་སྐྱོར་བྱེད་ཆེད་རྔམ་སྟོན་བྱེད་སྒོ་སྤེལ་ནས། ད་ལྟ་སྤེལ་བཞིན་པའི་རྒྱལ་ཚོགས་མཉམ