ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ཐོག་གནང་བའི་བརྗོད་དོན་གཙོ་བའི་གསུང་བཤད་ལ་གདེང་འཇོག་མཐོ་པོ་བྱས་པ།

2020-11-20 16:11:00     责编:sangjzm

ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་ལ་གོ་སྐབས་རག་པ་དང་སེམས་ཤུགས་ཆེ་རུ་སོང་བ་ཞེས་པ་སྟེ། ཕྱི་རྒྱལ་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ཐོག་གནང་བའི་བརྗོད་དོན་གཙོ་བའི་གསུང་བཤད་ལ་གདེང་འཇོག་མཐོ་པོ་བྱས་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་19ཉིན་པེ་ཅིང་དུ་བརྙན་མཐོང་རྣམ་པའི་ཐོག་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས། བརྗོད་དོན་གཙོ་བོའི་གསུང་བཤད་ནང་ཀྲུང་གོས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པའི་ནང་ཧུར་ཐག་ཞུགས་པ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱ་རྒྱུའི་ནན་སྟོན་གནང་ཞིང་། དེའི་ནང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོང་འཕེལ་གྱི་གོ་སྐབས་དེ་བས་མང་བ་བསྐྲུན་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སེམས་ཤུགས་འཕེལ་བ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ཆི་ལིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨའེ་ཆེ་ཝུའེ་ལི་ཡས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་པ་དང་། དེས་བཏང་བའི་བརྡ་རྟགས་གལ་ཆེན་གྱིས་འཛམ་གླིང་དཔལ་འབྱོར་གྱི་སེམས་ཤུགས་འཕེལ་ཡོད། ཀྲུང་གོའི་རྣམ་འགྱུར་ལེགས་ལ་གཟིགས་རྒྱང་རིང་པོ་ཡོད་དེས་ཀྲུང་གོའི་གོང་འཕེལ་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ད་དུང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཡང་སྐུལ་མ་ཐེབས་རྒྱུ་རེད་ཅེས་བསྟན་ཡོད།

ཕེ་རུའི་རྒྱལ་བཙུགས་ཧྲེང་མཱ་ཁོ་སི་སློབ་ཆེན་ཨེ་ཤ་ཡའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨ་ཅི་ནུ་ཡིས། ཀྲུང་གོའི་འཛད་སྤྱོད་ཁྲོམ་ར་ཆེན་པོས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གང་མགྱོགས་དཀའ་གནད་ལས་གྲོལ་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུན་འཁྱོངས་བྱ་རྒྱུ་དང་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ། ཉོ་ཚོང་རོགས་ཟླ་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་འབད་བརྩོན་ཧུར་ཐག་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་ཡོད།

ནེའུ་ཙི་ལན་ཚོང་ལས་སློབ་གླིང་གི་འགོ་འཛིན་ཧོང་ཝུའེ་ཞུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་ནང་། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་མངོན་པ་དང་། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཀྲུང་གོའི་ཇུས་གཞི་དང་སྒུལ་ཤུགས་མཁོ་འདོན་བྱས་ཡོད། དེས་འཛམ་གླིང་ཡོངས་ཀྱི་ཁྲོམ་རའི་སེམས་ཤུགས་འཕེལ་རྒྱུར་ཕན་ཐོགས་ཡོད། ཀྲུང་གོའི་དཔལ་འབྱོར་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ཡོང་བའི་རྨང་རྡོ་ལྟ་བུ་དང་འཕར་སྣོན་གྱི་འབྱུང་ཁུངས་སུ་གྱུར་བ་དང་། རྒྱལ་ཁབ་མང་པོ་ཞིག་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་ཅེས་བསྟན་ཡོད།

ལྷོ་ཁོ་རེ་ཡའི་དེང་རབས་དཔལ་འབྱོར་ཞིབ་འཇུག་ཁང་གི་གསར་དར་ཁྲོམ་ར་པུའི་པུའུ་ཀྲང་ཧན་ཙའེ་ཀྲེན་གྱིས། ཀྲུང་གོས་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ་དེས་ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ནང་མཁོའི་ཁྲོམ་རའི་གོང་འཕེལ་གཏོང་གཞི་ཆེ་རུ་འགྲོ་ཐུབ་རྒྱུ་མ་ཟད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད། དེས་ལྷོ་ཁོ་རེ་ཡའི་ཁེ་ལས་ཚུད་པའི་ཕྱི་རྒྱལ་གྱི་ཁེ་ལས་ལ་མ་འཇོག་ཚོང་གཉེར་གྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་པ་དང་། ས་ཁོངས་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བསྟན་ཡོད།

ཧིན་རྡུ་ཉི་ཞི་ཡའི་རིག་མཛོད་ཚོགས་པའི་ཨེ་ཤ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་སུའུ་འར་ཡུའེ་ནུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གསུང་བཤད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་ཧྲིལ་པོའི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་བརྡ་འཕྲིན་ཞིག་རེད། ཀྲུང་གོས་ནང་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུ་དེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་རིམས་ནད་ཀྱི་ཤུགས་རྐྱེན་ལས་གྲོལ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

ལྗར་ཕན་ཕུའུ་ཧྲི་ཐུང་སྤྱི་ཁྱབ་ཞིབ་འཇུག་པའི་དབུ་བཞུགས་ཞིབ་འཇུག་པ་ཅིན་ཅན་མིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནང་མཁོ་རྒྱ་ཆེར་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བརྒྱུད་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པ་དང་། ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད། མཉམ་རྒྱལ་གྱི་ཇུས་གཞི་དེར་རྒྱལ་ཁབ་ཁག་གི་ཐོན་ལས་ལས་རིགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བསྟན་ཡོད།

ཧྥི་ལི་ཕིན་གྱི་སྐར་མའི་ཚགས་པར་ཞེས་པའི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ལི་ཐེན་རུང་གིས། རྒྱུན་ཆད་མེད་པར་ཐོན་བཞིན་པའི་ཕྱོགས་རྐྱང་པའི་རིང་ལུགས་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་མདུན་དུ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གསུང་བཤད་ལས་ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། རང་མོས་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆོད་སེམས་སླར་ཡང་མངོན་ཡོད། དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞེས་བསྟན་ཡོད།

མོ་ཞི་ཁོའི་ཕུའུ་ཨའེ་པུའུ་ལའི་བྱས་རྗེས་རང་སྐྱོང་སློབ་ཆེན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་ཏེ་ལ་ལོ་སས། ཀྲུང་གོས་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ལ་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་མཁོ་འདོན་བྱས་པ་དེས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱིས་འཛམ་གླིང་ལ་གོང་འཕེལ་གྱི་སེམས་ཤུགས་འཕེལ་བ་བྱས་ཡོད་ཅེས་བསྟན་ཡོད།

མ་ལེ་ཞི་ཡའི་ཨེ་ཤེ་ཡའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་གསར་པའི་ཀྲུའུ་ཞི་ཝུང་ཧྲི་ཅེ་ཡིས། ཀྲུང་གོས་གོང་འཕེལ་གྱི་གནས་སྟངས་གསར་པ་བཏོད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་གོང་འཕེལ་ཆེད་གོང་འཕེལ་གཏོང་གཞི་ཆེ་བའི་ཀྲུང་གོའི་ཁྲོམ་ར་མཁོ་འདོན་བྱས་ཡོད། དེས་རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ཆེད་གོ་སྐབས་དང་བར་ཁམས་སྔར་ལས་མང་བ་བསྐྲུན་པ་དང་། རྒྱལ་ཁབ་ཁག་གིས་མཉམ་ལས་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཐུབ་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ཕྱི་རྒྱལ་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ཐོག་གནང་བའི་བརྗོད་དོན་གཙོ་བའི་གསུང་བཤད་ལ་གདེང་འཇོག་མཐོ་པོ་བྱས་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་19ཉིན་པེ་ཅིང་དུ་བརྙན་མཐོང་རྣམ་པའི་ཐོག་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས། བརྗོད་དོན་གཙོ་བོའི་གསུང་བཤད་