ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་གི་ཁེ་ལས་ཆེ་གྲས་མང་པོ་ཞིག་གིས་འཚོ་བའི་མཁོ་ཆས་ཁག་གཅིག་ཉོ་སྒྲུབ་ཚད་བཀག་བཟོས་པ་སླར་གསོ་བྱས་པ།

2020-11-17 10:00:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏོག་གསར་གློ་ཚད་རིམས་ནད་ཨ་རིར་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བ་དང་བསྟུན། དངོས་ཟོག་དཀོན་པའི་སྣང་ཚུལ་སླར་ཡང་ཐོན་རྒྱུར་སེམས་ཁྲལ་བྱུང་ནས། ཨ་རིའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ཁེ་ལས་མང་པོ་ཞིག་གིས་འཚོ་བའི་མཁོ་ཆས་ཁག་གཅིག་ཉོ་སྒྲུབ་ཚད་བཀག་བཟོས་པ་སླར་གསོ་བྱས་ཡོད། ཁུ་ལོ་ཀེ་ཀུང་སི་དང་མང་ཚོགས་ཀྱི་ཚོང་ར་ཆེན་མོ་ཀུང་སིས་གཟའ་འཁོར་གོང་མར་ལག་འཕྱིས་དང་འཐབ་ཚང་ནང་བེད་སྤྱོད་བྱེད་པའི་ཤོག་བུ་ཉོ་སྒྲུབ་ལ་ཚད་བཀག་བཟོས་པ་སླར་གསོ་བྱས་པ་དང་། ཁུ་ལོ་ཀེ་ཡིས་ད་དུང་ལག་པ་བཀྲུ་བའི་གཤེར་ཁུ་དང་དུག་སེལ་ལག་ཕྱིས་རློན་པ་ཉོ་སྒྲུབ་བྱ་རྒྱུར་ཚད་བཀག་བཟོས་པ་སླར་གསོ་བྱས་ཡོད། ཝེ་ཀེ་མན་མུ་འབྲེལ་སྒོ་རྩིས་ཚོང་ཁང་གིས་ཀྱང་ཤོག་བུ་དང་། ཁྱིམ་སྤྱོད་གཙང་རྫས། དུག་སེལ་ལག་ཕྱིས་རློན་པ་བཅས་ཉོ་སྒྲུབ་བྱ་རྒྱུར་ཚད་བཀག་བཟོས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཨ་རིའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་གི་ཁེ་ལས་ཆེ་གྲས་མང་པོ་ཞིག་གིས་འཚོ་བའི་མཁོ་ཆས་ཁག་གཅིག་ཉོ་སྒྲུབ་ཚད་བཀག་བཟོས་པ་སླར་གསོ་བྱས་པ།

ཏོག་གསར་གློ་ཚད་རིམས་ནད་ཨ་རིར་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བ་དང་བསྟུན། དངོས་ཟོག་དཀོན་པའི་སྣང་ཚུལ་སླར་ཡང་ཐོན་རྒྱུར་སེམས་ཁྲལ་བྱུང་ནས། ཨ་རིའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཀྱི་ཁེ་ལས་མང་པོ་ཞིག་གིས་འཚོ་བའི་མཁོ་ཆས་ཁག་གཅིག་ཉོ་སྒྲུབ་ཚད་བཀག་བཟོས་པ་སླར་གསོ་བྱས་ཡོད།