ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུ་དང་། ཨ་སའེ་པེ་ཅང་། ཡ་མེ་ཉི་ཡ་བཅས་ཀྱིས་མཉམ་འབྲེལ་ཐོག་ན་ཁ་ས་ཁུལ་དུ་དམག་མཚམས་ཡོངས་སུ་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ།

2020-11-11 09:41:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་། ཨ་སའེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་བཅས་ཀྱིས་གསལ་བསྒྲགས་ལ་མིང་རྟགས་བཀོད་ཡོད་པ་དང་། ན་ཁ་ས་ཁུལ་དེ་ཉིད་མོ་སི་ཁོའི་དུས་ཚོད་སྤྱི་ཚེས་10ཉིན་གྱི་ཆུ་ཚོད་0ནས་བཟུང་དམག་མཚམས་ཡོངས་སུ་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་འདུག ཕུ་ཅིང་གིས་སྤེལ་བའི་གསལ་བསྒྲགས་ནང་། ཨ་སའེ་པེ་ཅང་དང་ཡ་མེ་ཉི་ཡ་ཕྱོགས་གཉིས་པོས་རང་སོས་བཟུང་བའི་ས་ཆར་གཏན་སྡོད་བྱ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་པོས་བཟུང་དམག་དང་། བཀག་ཉར་བྱས་པའི་མི་སྣ། རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་སོགས་ཕན་ཚུན་བརྗེ་རེས་བྱ་རྒྱུ་དང་། ཨུ་རུ་སུས་ན་ཁ་ས་ཁུལ་དུ་ཞི་སྲུང་དཔུང་སྡེ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཨུ་རུ་སུ་དང་། ཨ་སའེ་པེ་ཅང་། ཡ་མེ་ཉི་ཡ་བཅས་ཀྱིས་མཉམ་འབྲེལ་ཐོག་ན་ཁ་ས་ཁུལ་དུ་དམག་མཚམས་ཡོངས་སུ་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་། ཨ་སའེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་ཡ་མེ་ཉི་ཡའི་ཙུང་ལི་ཕ་ཞི་ཉི་ཡང་བཅས་ཀྱིས་གསལ་བསྒྲགས་ལ་མིང་རྟགས་བཀོད་ཡོད་པ་དང་། ན་ཁ་ས་ཁུལ་དེ་ཉིད་མོ་སི་ཁོའི་དུས་ཚོད་སྤྱི་ཚེས་10ཉིན་གྱི་ཆུ་ཚོད་0ནས་བཟུང་དམག་མཚམས་ཡོངས་སུ་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་འདུག