ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཡངས་པའི་ཞི་བདེ་རྒྱ་མཚོ་ཆེ་མོ་ཨ་རིའི་དམག་གི་དུག་སྦྱོར་ཚོད་ལྟ་བྱ་ཡུལ་དང་གད་སྙིགས་དང་རོ་ཏོ་སྤུང་སར་འགྱུར་མི་རུང་།

2020-10-17 10:13:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དཔེ་སྐྲུན་བྱས་པའི《ཞི་བདེ་རྒྱ་མཚོ་ཆེ་མོར་དུག་སྐྱོན་གཏོང་བ》ཞེས་པའི་ནང་ཨ་རིའི་དམག་གིས་ཞི་བདེ་རྒྱ་མཚོ་ཆེ་མོར་སྦགས་བཙོག་ཚབས་ཆེན་བཟོས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་14ཉིན་ཡངས་པའི་ཞི་བདེ་རྒྱ་མཚོ་ཆེ་མོ་དེ་ཉིད་ཨ་རི་དམག་གི་དུག་སྦྱོར་ཚོད་ལྟ་བྱ་ཡུལ་དང་འགྱིག་རོ་སྤུང་སར་འགྱུར་མི་རུང་། ཨ་རིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཞན་ལ་དཀྲིས་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་གཏོང་བའི་ཚུལ་མིན་བྱེད་སྤྱོད་གྲངས་ཀྱིས་མི་ལང་བ་སྤེལ་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱེད་དགོས་ཞེས་བརྗོད་པ་རེད།

དེ་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཉེ་དུས་ཨ་རིའི་དཔོན་རིགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་སྐྱོན་བརྗོད་ཡང་ཡང་བྱས་མོད། འོན་ཀྱང་གྲངས་གཞི་ལས་མངོན་པར། ཉེ་ཆར་དབྱིན་ཇིའི་གསར་འགོད་པ་སྨི་ཆེར་གྱིས་དཔེ་སྐྲུན་བྱས་པའི་དེབ་གསར《ཞི་བདེ་རྒྱ་མཚོ་ཆེ་མོར་དུག་སྐྱོན་གཏོང་བ》ཞེས་པའི་ནང་ཨ་རིའི་དམག་གིས་ཞི་བདེ་རྒྱ་མཚོ་ཆེ་མོར་སྦགས་བཙོག་ཚབས་ཆེན་བཟོས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། དཔེ་དེབ་ནང་ཨ་རིའི་དམག་གིས་ལོ་བཅུ་ཕྲག་ཁ་ཤས་རིང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་ཁག་ཏུ་སྦགས་བཙོག་ཚབས་ཆེན་བཟོས་པ་དང་སྦགས་བཙོག་འབྱུང་ཁུངས་ནང་འགྱེད་འཕྲོའི་རང་བཞིན་གྱི་འགྱིག་རོ་དང་། དབང་རྩའི་རང་བཞིན་གྱི་དུག་རྫས། ལོ་མ་ལྷུང་བའི་སྨན་ཆུ་སེར་པོ་སོགས་རྫས་འགྱུར་མཚོན་ཆ་ཚུད་ཡོད། བཀའ་འདྲི་ཞུ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ།

ཀྲའོ་ལི་ཅན་གྱིས་དཔེ་དེབ་ནང་བཏོན་པའི་དཔེ་མཚོན་ཞིག་ནང་མངོན་གསལ། ཀོན་ཏའོ་གླིང་ཕྲན་དུ་བཅའ་སྡོད་ཨ་རིའི་དམག་གི་དམག་མི་ཞིག་གིས་ལོ་མ་ལྷུང་བའི་སྨན་ཆུ་སེར་པོ་གཏོར་རྒྱུའི་བཀའ་བཀོད་ལག་བསྟར་བྱས་རྗེས་པགས་པར་གཉན་ཁ་རྒྱབ་པ་དང་ཕྱིས་སུ་ཁོང་ལ་ཕ་ཅིན་སེན་ཕྱོགས་བསྡུས་ནད་རྟགས་དང་ཁྲག་མི་འདང་བའི་སྙིང་ནད་ཕོག་པ་མ་ཟད། ཁོང་གི་བུ་མོར་ཡང་འབྲས་སྐྲན་གྱི་ནད་ཕོག་པ་རེད། ཁོང་ཚོའི་ཆག་སྒོར་མི་རྣམས་ཀྱིས་གདུང་སེམས་མཉམ་སྐྱེ་འོས་པ་ཞིག་རེད། ཨ་རིའི་དམག་གིས་སྦགས་བཙོག་བཟོས་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་གནས་བབ་ལའང་མི་རྣམས་ཁོང་ཁྲོ་སྐྱེ་འོས་པ་ཞིག་ཡོད། “ཡངས་པའི་ཞི་བདེ་རྒྱ་མཚོ་ཆེ་མོ་ནི་ས་ཁུལ་དེའི་མི་དམངས་ཀྱི་བདེ་ཐང་འཚོ་བའི་གནས་མཆོག་ཅིག་ཏུ་འགྱུར་དགོས་པ་ལས་ཨ་རིའི་དམག་གི་དུག་རྫས་ཚོད་ལྟ་བྱ་ཡུལ་དང་འགྱིག་རོ་སྤུང་སར་འགྱུར་མི་རུང”ཞེས་བརྗོད་པ་རེད།

“ཞི་བདེ་རྒྱ་མཚོ་ཆེ་མོར་སྦགས་བཙོག་བཟོས་པ་ཙམ་གྱིས་ཚད་ཀྱི་མེད” ཀྲའོ་ལི་ཅན་གྱིས་ཨ་རིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཞན་ལ་དཀྲིས་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་གཏོར་བཤིག་གཏོང་བའི་ཚུལ་མིན་བྱེད་སྤྱོད་བགྲངས་ཀྱིས་མི་ལང་བ་སྤེལ་ཡོད། ཨ་རིས་ད་བར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ལ་ཆོག་མཆན་སྤྲད་མེད་པ་དང་། 《ཅིང་ཏུའུ་ཡི་གྲོས་ཆོད་ཡི་གེར》ཆོག་མཆན་སྤྲད་མེད་པ། 《ཕ་རི་སིའི་གྲོས་དོན》ལས་ཕྱིར་འཐེན་བྱས་པ། རང་ངོས་ཀྱི་ཚོད་འཛིན་རང་བཞིན་གྱི་གྲངས་ཚད་བཙོག་འབུད་ཉུང་གཏོང་ལས་འགན་ཁས་མ་བླངས་པ་བཅས་རེད། 《པ་སེར་གྱི་སྤྱི་ཆིངས》ལ་ཆོག་མཆན་མ་སྤྲད་པར་གོ་ལ་ཧྲིལ་པོའི་འགྱིག་རོ་སོགས་བཅོས་སྐྱོང་བྱེད་པའི་འཕེལ་རིམ་ལ་འགལ་རྐྱེན་བཟོས་ཐོག གད་སྙིགས་འབོར་ཆེན་ཞིག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་དབོར་ནས་ས་གནས་དེ་ག་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོས་ཡོད། གཞན་ཡང་འཛམ་གླིང་ཐོག་གི་རྫས་འགྱུར་མཚོན་ཆ་མཛོད་ཉར་བྱས་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པའི་ཨ་རིས་རྫས་འགྱུར་གོ་མཚོན་ཆ་མེར་བསྲེགས་པའི་དུས་ཚོད་ཕྱིར་འགྱངས་ཐེངས་མང་བྱས་པ་དང་རང་ངོས་ཀྱི་འོས་འགན་ལག་བསྟར་ཡག་པོ་མ་བྱས་རྐྱེན། “རྫས་འགྱུར་མཚོན་ཆ་མེད་པའི་འཛམ་གླིང”སྐྲུན་པའི་འགལ་རྐྱེན་ཆེ་ཤོས་སུ་གྱུར་ཡོད། ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་ཅིག་བྱེད་དགོས་ངེས་རེད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཡངས་པའི་ཞི་བདེ་རྒྱ་མཚོ་ཆེ་མོ་ཨ་རིའི་དམག་གི་དུག་སྦྱོར་ཚོད་ལྟ་བྱ་ཡུལ་དང་གད་སྙིགས་དང་རོ་ཏོ་སྤུང་སར་འགྱུར་མི་རུང་།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། དཔེ་སྐྲུན་བྱས་པའི《ཞི་བདེ་རྒྱ་མཚོ་ཆེ་མོར་དུག་སྐྱོན་གཏོང་བ》ཞེས་པའི་ནང་ཨ་རིའི་དམག་གིས་ཞི་བདེ་རྒྱ་མཚོ་ཆེ་མོར་སྦགས་བཙོག་ཚབས་ཆེན་བཟོས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་14