ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་བསྟན་དོན། མོང་ཝན་ཀྲོའུ་ཡི་དོན་རྐྱེན་ཐད་ཀྱི་ཁ་ན་ཏ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ནི“ཕྱི་འབྲེལ་བཙན་ཤེད”ཀྱི་དཔེ་མཚོན་གྱོད་དཔེ་ཞིག་རེད།

2020-10-17 10:12:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཁ་ན་ཏའི་དཔོན་རིགས་ཀྱིས་ཀྲུང་གོས“ཕྱི་འབྲེལ་བཙན་ཤེད”བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་པར་དམིགས་ནས། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲོའུ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་རྐང་བཙུགས་ནས་དོན་དངོས་རྙོགས་བཟོ་བྱེད་པ་དང་། འབྲེལ་ཡོད་ཀྱི་ནོར་འཁྲུལ་གཏམ་བརྗོད་སླར་ཡང་སྤེལ་བར་མི་འདོད་པ་དང་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཁ་ན་ཏ་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་ཤོད་དགོས་ཞེས་བརྗོད་ཡོད། མོང་ཝན་ཀྲོའུ་ཡི་དོན་རྐྱེན་ཐད་ཀྱི་ཁ་ན་ཏ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ནི་དངོས་འབྲེལ་རང་སྣང་གང་ཤར་གྱིས་བཀག་ཉར་བྱས་པ་དང“ཕྱི་འབྲེལ་བཙན་ཤེད”ཀྱི་དཔེ་མཚོན་གྱོད་དཔེ་ཞིག་རེད་ཅེས་བརྗོད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་13ཉིན། ཁ་ན་ཏའི་འགོ་ཁྲིད་པས་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ང་ཚོའི་མནའ་གྲོགས་དང་མུ་མཐུད་མཉམ་ལས་བྱས་ནས་ཀྲུང་གོས“རང་སྣང་གང་ཤར་གྱིས་བཀག་ཉར་བྱས་པའི”ཁ་ན་ཏའི་སྤྱི་དམངས་2དང་རྒྱལ་ཁབ་གཞན་དག་གི་སྤྱི་དམངས་ཀྱི“ཕྱི་འབྲེལ་བཙན་ཤེད”ཀྱི་བྱེད་ཐབས་དེ་གྲུབ་འབྲས་ཐོབ་པའི་ཐབས་ཇུས་ཤིག་ཏུ་བརྩི་མི་སྲིད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད། ཉིན་དེར་ཁ་ན་ཏའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཧྲང་ཕེང་ཧྥེ་ཡིས་ཁ་ན་ཏ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་གསལ་བསྒྲགས་སྤེལ་བའི་ནང་ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཞིབ་ལྟ་བྱེད་བཞིན་ཡོད། ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་གསར་པ་བཙུགས་པ་མ་ཟད། ཀྲུང་གོས“ཕྱི་འབྲེལ་བཙན་ཤེད”བྱས་པར་སྐྱོན་འཛུགས་ཀྱང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་ལན་གང་ཞིག་སློག་རྩིས་ཡོད་དམ་ཞེས་དྲིས།

ཀྲོའུ་ལི་ཅན་གྱིས་ཁ་ན་ཏ་ཕྱོགས་ཀྱིས་ངེས་པར་དུ་ངོ་གཏད་བྱེད་དགོས་པའི་གཞི་རྩའི་དོན་དངོས་དང་གནད་དོན་ནི། ཉེ་བའི་ལོ་གཉིས་ཙམ་རིང་གི་ཀྲུང་གོ་དང་ཁ་ན་ཏའི་དབར་གྱི་འབྲེལ་བར་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་ནི་ཁ་ན་ཏ་ཕྱོགས་ཀྱིས་ཉེས་མེད་ཀྲུང་གོའི་སྤྱི་དམངས་མོང་ཝན་ཀྲོའུ་རྒྱུ་མཚན་མེད་པར་བཀག་ཉར་བྱས་པ་དང་འབྲེལ། ཁ་ན་ཏའི་བཅའ་ཁྲིམས་གང་རུང་དང་རྒྱབ་འགལ་བྱས་མེད་པའི་གནད་དོན་དེར་ད་བར་ཁས་ལེན་བྱེད་མི་ཕོད་པའི་རྒྱུ་མཚན་གང་ཡིན་ནམ། ཨ་རིའི་མནའ་གྲོགས་མང་པོའི་ཁྲོད། ཁ་ན་ཏ་སྲིད་གཞུང་ཁོ་ནས་ཨ་རིར་གཞོགས་འདེགས་བྱས་ཏེ་མོ་ཝན་ཀྲོའུ་འཛིན་བཟུང་བྱ་རྒྱུའི་མོས་མཐུན་བྱེད་དོན་གང་ཡིན་ནམ། ཁ་ན་ཏ་ཕྱོགས་ཀྱིས་མོང་ཝན་ཀྲོའུ་ཡི་གྱོད་གཞིའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའི་གནད་དོན་ཐད་གསང་གསང་སྦུག་སྦུག་བྱས་ནས་གྱོད་འབྲེལ་ཡིག་ཆ་དེ་བས་མང་བ་ཡོངས་བསྒྲགས་བྱ་རྒྱུར་ཐབས་བརྒྱ་ཇུས་སྟོང་གིས་བཀག་འགོག་བྱེད་དགོས་དོན་གང་ཡིན་ནམ་ཞེས་བརྗོད།

ཀྲའོ་ལི་ཅན་གྱིས་ངེས་པར་དུ་གསལ་བཤད་བྱེད་དགོས་པ་ནི། ཁ་ན་ཏ་སྲིད་གཞུང་གིས་ད་བར་གོང་གསལ་གྱི་དོན་དངོས་ལ་ལྟ་སྟངས་ཡང་དག་འཛིན་མི་ཕོད་པ་དང་། ཁ་ན་ཏའི་སྤྱི་དམངས་ལ་གོང་གསལ་གྱི་དོན་དངོས་གནས་ཚུལ་གསལ་བཤད་བྱེད་མི་ཕོད་པ་དེ་ནི་གཡོ་ཟོལ་དང་གཉོད་ཉུང་གི་མཚོན་ཚུལ་ཞིག་རེད། མོང་ཝན་ཀྲོའུ་ཡི་གྱོད་གཞིའི་ཐད་ཀྱི་ཁ་ན་ཏའི་བྱེད་ལུགས་བྱེད་སྟངས་ཚང་མ་ནི་དངོས་འབྲེལ་རང་སྣང་གང་ཤར་གྱིས་བཀག་ཉར་བྱས་པ་དང“ཕྱི་འབྲེལ་བཙན་ཤེད”ཀྱི་དཔེ་མཚོན་གྱོད་དཔེ་ཞིག་རེད། གནད་དོན་དེ་ནི་ཀྲུང་གོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་པོར་མཐོང་ཐུབ་ཅེས་བརྗོད།

“ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པའི་ལངས་ཕྱོགས་ནི་ཐོག་མཐའ་འཁྱོངས་བ་དང་ཁ་གསལ་པོ་ཞིག་རེད། དེ་དང་ཆབས་ཅིག་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་མཐའ་འཁྱོངས་ཏན་ཏིག་བྱས་ཚེ། ཀྲུང་གོ་དང་ཁ་ན་ཏའི་དབར་གྱི་འབྲེལ་བ་གཞི་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཐུབ། ང་ཚོས་སླར་ཡང་ཁ་ན་ཏ་ཕྱོགས་ལ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་མཁྱེན་ལྡན་མ་མོང་ཝན་ཀྲོའུ་འཕྲལ་དུ་བཙོན་འགྲོལ་གཏོང་དགོས་པ་མ་ཟད། ཁོང་བདེ་འཇགས་ངང་ཀྲུང་གོར་ཕྱིར་ལོག་བཏང་སྟེ་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་འཕེལ་རྒྱས་ལ་འགལ་རྐྱེན་བཟོ་བའི་བཀག་རྡོ་དེ་མེད་པ་བཟོས་ནས། ཀྲུང་གོ་དང་ཁ་ན་ཏའི་དབར་གྱི་འབྲེལ་བ་སྔ་ཙམ་རྒྱུན་གཏན་གྱི་སྲོལ་ལམ་ཐོག་ལོག་དགོས་པའི་སྐུལ་མ་དྲག་པོ་གཏོང་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བརྗོད།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་བསྟན་དོན། མོང་ཝན་ཀྲོའུ་ཡི་དོན་རྐྱེན་ཐད་ཀྱི་ཁ་ན་ཏ་ཕྱོགས་ཀྱི་བྱེད་ལུགས་བྱེད་སྟངས་ཚང་མ་ནི“ཕྱི་འབྲེལ་བཙན་ཤེད”ཀྱི་དཔེ་མཚོན་གྱོད་དཔེ་ཞིག་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཁ་ན་ཏའི་དཔོན་རིགས་ཀྱིས་ཀྲུང་གོས“ཕྱི་འབྲེལ་བཙན་ཤེད”བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་པར་དམིགས་ནས། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲོའུ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་རྐང་བཙུགས་ནས་དོན་དངོས་རྙོགས་བཟོ་བྱེད་པ་དང་།