ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་སྲིད་གཞུང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་དབུགས་རྔུབ་གཏོང་འཕྲུལ་ཆས་ཞལ་འདེབས་བརྒྱབ་པ།

2020-10-16 10:00:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུའེ་པིང་གིས་མོར་སི་པི་གྲུ་ཁར་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་བརྒྱབ་པའི་དབུགས་རྔུབ་གཏོང་འཕྲུལ་ཆས་15རྩིས་སྤྲོད་བྱས་པ་རེད།

ཞུའེ་པིང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག རིམས་ནད་སྔར་བཞིན་འཛམ་གླིང་ཧྲིལ་པོར་མཆེད་བཞིན་ཡོད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་དགོས། འདི་ལོ་ཚུན་དུ་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པས། རིམས་ནད་ཁྲོད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་བས་བརྟན་དུ་ཕྱིན་ཡོད།

ད་ཐེངས་ཀྲུང་གོ་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་སྲིད་གཞུང་ལ་དབུགས་རྔུབ་གཏོང་འཕྲུལ་ཆས་15དང་དེ་བཞིན་ལྷུ་ལག་ཞལ་འདེབས་བརྒྱབ་ནས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རིམས་འགོག་ནུས་པ་ཆེ་རུ་འགྲོ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

མ་ལ་ཕེས་ཀྲུང་གོས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་འདི་ལོ་ཚུན་དུ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད། རིམས་ནད་མ་ཐོན་གོང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རྒྱལ་ཡོངས་སུ་དབུགས་འབྱིན་རྔུབ་འཕྲུལ་ཆས་ཁ་ཤས་ལས་མེད། རིམས་ནད་ཐོན་རྗེས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གནོན་ཤུགས་དང་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པས་སྨན་བཅོས་སྒྲིག་ཆས་འབོར་ཆེན་དགོས་གལ་ཤིན་ཏུ་ཆེ། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཕངས་སེམས་མེད་པར་དབུགས་རྔུབ་གཏོང་འཕྲུལ་ཆས་ཞལ་འདེབས་བརྒྱབ་པ་དེས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་རིམས་ནད་འགོག་རྒོལ་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་ངེས་རེད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོ་སྲིད་གཞུང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་དབུགས་རྔུབ་གཏོང་འཕྲུལ་ཆས་ཞལ་འདེབས་བརྒྱབ་པ།

ཞུའེ་པིང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག རིམས་ནད་སྔར་བཞིན་འཛམ་གླིང་ཧྲིལ་པོར་མཆེད་བཞིན་ཡོད། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་རིམས་ནད་ལས་རྣམ་པར་རྒྱལ་དགོས། འདི་ལོ་ཚུན་དུ་ཀྲུང་ཕ་རྒྱལ་ཁབ་གཉིས་པོས་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པས། རིམས་ནད་ཁྲོད་རྒྱལ་ཁབ་གཉིས་པོའི་མཛ