ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པས་བརྗོད་དོན། ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ་ནང་ཀྲུང་གོ་ཞུགས་དགོས་པའི་བླང་བྱ་ནི་འདྲ་མཉམ་མིན་པ་དང་། ལུགས་མཐུན་མིན་པ། ལག་ལེན་བསྟར་མི་ཐུབ་པ་ཞིག་རེད།

2020-10-16 09:58:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཀྲུང་གོའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་དམག་མི་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ལྷན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ནང་གཏམ་བཤད་སྤེལ་ནས། ཉེ་ཆར་ཨ་རི་ཕྱོགས་ཀྱིས་འུད་སྒྲོག་ཤུགས་ཆེན་བྱེད་པའི“ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ”གྱི་བཤད་ཚུལ་ལ་དགག་པ་བརྒྱབ་པ་རེད།

ཀེང་ཧྲོང་གིས། ཉེ་ཆར། ཨ་རི་ཕྱོགས་ཀྱིས་ཀྲུང་གོར“ཉིང་རྡུལ་སྟོབས་ཤུགས་འཛམ་གླིང་གི་ཨང་གསུམ་པའི”ཞྭ་མོ་གཡོགས་ནས“ཨ་རི་དང་། ཨུ་རུ་སུ། ཀྲུང་གོ་བཅས་ཀྱི་ཉིང་རྡུལ་གོ་མཚོན་འགྲན་བསྡུར”ཞེས་འུད་བཤད་གང་ཐུབ་བྱས་ཏེ“ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ”བྱེད་པའི་འུད་སྒྲོག་ཆེན་པོ་བྱས་ཡོད། འདི་ནི་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་དོ་སྣང་བྱེད་ཡུལ་གྱི་ཁ་ཕྱོགས་བསྒྱུར་བའི་གཡོ་ཐབས་ཙམ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཉིང་རྡུལ་གྱི་དམག་དོན་མི་སྣ་དང་སྒྲིག་ཆས་ཉུང་འཕྲི་གཏོང་རྒྱུའི་དམིགས་བསལ་གྱི་འགན་འཁྲི་ལག་བསྟར་མི་བྱེད་པར་ཁ་གཡར་ས་འཚོལ་བ་དང་། རང་གིས་རང་ལ་གུ་ཡངས་གཏོང་བ་དང་བལྟོས་མེད་ཀྱི་དམག་དོན་གྱི་ལེགས་ཆ་འཛུགས་རྒྱུར་རྒྱུ་མཚན་འཚོལ་བ་ཞིག་རེད་ཅེས་བཤད།

ཀེང་ཧྲོང་གིས། ཀྲུང་གོས་རང་སྲུང་འགོག་སྲུང་གི་ཉིང་རྡུལ་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། ཉིང་རྡུལ་གྱི་སྟོབས་ཤུགས་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཆུ་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། སྔོན་ཆད་རྒྱལ་ཁབ་གང་རུང་ཞིག་དང་ཉིང་རྡུལ་མཚོན་ཆ་འགྲན་བསྡུར་བྱས་མེད་ལ་སླད་ཕྱིན་ཡང་བྱེད་མི་སྲིད། ཀྲུང་གོའི་ཉིང་རྡུལ་སྟོབས་ཤུགས་དེ་ཨ་རི་དང་ཨུ་རུ་སུའི་རིམ་པར་གཏན་ནས་སླེབས་མེད་པས་ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ་ནང་ཞུགས་དགོས་པའི་བླང་བྱ་ནི་འདྲ་མཉམ་མིན་པ་དང་། ལུཌ་མཐུན་མིན་པ། ལག་ལེན་བསྟར་མི་ཐུབ་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་དེར་མོས་མཐུན་བྱེད་མི་སྲིད་ལ་འཇིགས་སྐུལ་དང་སྙད་འདོགས་དང་ལེན་དེ་བས་ཀྱང་བྱེད་མི་སྲིད་ཅེས་བཤད།

ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས“ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ”ཟེར་བའི་ནང་མི་ཞུགས་པ་དེ་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ཉིང་རྡུལ་གྱི་དམག་དོན་མི་སྣ་དང་སྒྲིག་ཆས་ཉུང་འཕྲི་གཏོང་རྒྱུའི་འགན་འཁྲི་ཟུར་གཡོལ་བྱེད་པ་དང་རྒྱལ་སྤྱིའི་ཉིང་རྡུལ་གྱི་དམག་དོན་མི་སྣ་དང་སྒྲིག་ཆས་ཉུང་འཕྲི་གཏོང་བའི་འབད་བརྩོན་ནང་མི་ཞུགས་པ་ཞིག་གཏན་ནས་མཚོན་གྱི་མེད། ཉིང་རྡུལ་མཚོན་ཆ་ཡོད་པའི་ཉིན་ནས་བཟུང་། ཀྲུང་གོས་ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་གཏན་འགོག་དང་རྩ་མེད་དུ་གཏོང་རྒྱུ་དར་སྤེལ་བཏང་བ་དང་། དུས་ཚོད་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཉིང་རྡུལ་མཚོན་ཆ་སྔོན་ལ་མི་སྤྱོད་པའི་ཁྱབ་བསྒྲགས་བྱས་པ། ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་དང་ཉིང་རྡུལ་མཚོན་ཆ་མེད་པའི་ཁུལ་དུ་ཉིང་རྡུལ་མཚོན་ཆ་མི་སྤྱོད་པའམ་ཡང་ན་ཉིང་རྡུལ་མཚོན་ཆས་འཇིགས་སྐུལ་མི་བྱེད་པའི་ཁས་ལེན་བྱས་ཡོད།

ཀྲུང་གོ་ནི་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔའི་ཁྲོད་ཀྱི་ཁས་ལེན་དེ་བྱས་པའི་རྒྱལ་ཁབ་གཅིག་པུ་དེ་རེད། ཀྲུང་གོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་འཐབ་ཇུས་ཀྱི་བདེ་འཇགས་གནད་དོན་ཐད་དོན་སྙིང་ལྡན་པའི་གླེང་མོལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་། གྲོས་མོལ་ཚོགས་འདུ། ཉིང་རྡུལ་ཡོད་པའི་རྒྱལ་ཁབ་ལྔ་བཅས་ཀྱི་སྒྲོམ་གཞིའི་འོག་གི་དམག་དོན་ཚོད་འཛིན་གྱི་གྲོས་བསྡུར་འཕེལ་རིམ་ལ་མུ་མཐུད་ཞུགས་འདོད་ཡོད་ཅེས་ནན་བཤད་བྱས་པ་རེད།

中央广播电视总台 央广网 版权所有

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པས་བརྗོད་དོན། ཕྱོགས་གསུམ་གྱི་དམག་དོན་ཚོད་འཛིན་གྱི་གྲོས་མོལ་ནང་ཀྲུང་གོ་ཞུགས་དགོས་པའི་བླང་བྱ་ནི་འདྲ་མཉམ་མིན་པ་དང་། ལུགས་མཐུན་མིན་པ། ལག་ལེན་བསྟར་མི་ཐུབ་པ་ཞིག་རེད།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཀྲུང་གོའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་དམག་མི་ཉུང་འཕྲི་དང་རྒྱལ་སྤྱི