ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་སྙན་ཞུར་འཁོད་དོན། གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡའི་མ་ལག་མི་འབོར་གསུམ་ཆ་གཅིག་ཙམ་ལ་ཁྱབ་མེད་པ།

2020-10-16 09:58:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་གནམ་གཤིས་ཆེས་ངན་པ་བསྟན་པ་དང་གནམ་གཤིས་ཀྱི་གནོད་འཚེ་ཐོན་ཚད་དང་། ཤུགས་ཚད། ཚབས་ཆེའི་རང་བཞིན་བཅས་ཆེ་རུ་སོང་ཞིང་། མིག་སྔར་གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡའི་མ་ལག་གོ་ལ་ཧྲིལ་པོའི་མི་འབོར་གསུམ་ཆ་གཅིག་ཙམ་ལ་ཁྱབ་མེད་པ་རེད།

རྒྱལ་སྤྱིའི་རྩ་འཛུགས་དང་དངུལ་རྩའི་སྒྲིག་གཞི་16གིས་མཉམ་དུ་རྩོམ་སྒྲིག་བྱས་པའི《2020ལོའི་གནམ་གཤིས་ཞབས་ཞུའི་སྙན་ཞུའི》ནང་། འདས་ཟིན་པའི་ལོ་50ཡི་རིང་། གནམ་གཤིས་དང་། མཁའ་རླུང་། ཆུ་བཅས་དང་འབྲེལ་བའི་རང་བྱུང་ཉེན་ཁས་གནོད་འཚེ་ཁྲི་1.1ལྷག་ཙམ་བཟོས་ཏེ་མི་ཁྲི་200ཙམ་ཤི་བ་དང་དཔལ་འབྱོར་གྱི་གྱོང་གུན་ཨ་སྒོར་དུང་ཕྱུར་ཁྲི་3.6ཕོག་ཡོད་ཅེས་འཁོད་ཡོད།

འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར། རྩ་འཛུགས་དེའི་ཁོངས་མིའི་རྒྱལ་ཁབ་40%ལ་གནམ་གཤིས་ཀྱི་གནོད་འཚེ་སྣ་ཚོགས་སྔོན་བརྡ་གཏོང་བའི་མ་ལག་ཡོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོའི་སྔོན་བརྡ་གཏོང་བའི་ནུས་པ་ཧ་ཅང་ཞན་པས། སྔོན་ཐོན་གྱི་འཕྲིན་གཏོང་ལག་རྩལ་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཁར་གྱར་བའི་མི་རྣམས་ལ་ཉེན་བརྡ་གང་ལེགས་གཏོང་ཐུབ་ཀྱི་མེད།

སྙན་ཞུའི་ནང་བསྟན་དོན། གོ་ལ་ཧྲིལ་པོར་གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡ་གཏོང་རྒྱུ་དེ་སྔོན་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་དུ་སྒྱུར་བའི་ནུས་པ་འདང་ངེས་མེད་པའི་གནད་དོན་ཡོད་ཅིང་། གནད་དོན་དེ་དར་རྒྱས་གཏན་ནས་བྱུང་མེད་པའི་རྒྱལ་ཁབ་ལ་དེ་བས་མངོན་གསལ་དོད་པོ་ཡོད། ཨ་ཧྥེ་རི་ཁའི་ས་ཁུལ་དུ་ནུས་པ་དེ་རིགས་དེ་བས་འདང་གི་མེད། ས་ཁུལ་དེ་གའི་གནམ་གཤིས་གནོད་འཚེའི་སྔོན་བརྡའི་མ་ལག་མི་ཁྲི་10རེའི་ཁྲོད་མི་ཁྲི་4.4ཙམ་ལ་མ་གཏོགས་ཁྱབ་ཀྱི་མེད།

སྙན་ཞུའི་ནང་དེའི་ཐད་འཐབ་ཇུས་ཀྱི་གྲོས་འགོ་མང་པོ་བཏོན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡའི་མ་ལག་དོན་འཁྱོལ་དང་མ་ལག་དེའི་ཕན་ནུས་རང་བཞིན་ལེགས་སུ་གཏོང་བའི་ཁྲོད་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། འབྲེལ་ཡོད་ཀྱི་མ་དངུལ་འཁོར་རྒྱུག་ལ་རྗེས་སྙེག་བྱེད་པ། གནམ་གཤིས་ཀྱི་གྲངས་གཞིའི་སྟོང་ཆ་བསྐངས་བ་བཅས་བྱས་ཏེ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལས་དོན་སྔར་བས་མཐུན་སྦྱོར་གཅིག་གྱུར་ཡོང་བ་བྱ་རྒྱུ་སོགས་ཚུད་ཡོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་སྙན་ཞུར་འཁོད་དོན། གནམ་གཤིས་ཀྱི་གནོད་འཚེའི་སྔོན་བརྡའི་མ་ལག་མི་འབོར་གསུམ་ཆ་གཅིག་ཙམ་ལ་ཁྱབ་མེད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་གནམ་གཤིས་ཆེས་ངན་པ་བསྟན་པ་དང་གནམ་གཤིས་ཀྱི་གནོད་འཚེ་ཐོན་ཚད་དང་། ཤུགས་ཚད། ཚབས་ཆེའི་རང་བཞིན་བཅས་ཆེ་རུ་སོང་ཞ