ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀི་ནེ་ཡ་པི་སོའི་ཙུང་ཐུང་གིས་བརྗོད་དོན། ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ།

2020-10-16 09:55:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་གསལ། པི་སོ་ཡིས་གནས་ཚུལ་སྤེལ་བར། ཀི་ནེ་ཡ་པི་སོའི་ཙུང་ཐུང་ཨུ་མ་ལུའོ·ཤིས་སའོ་ཁའོ·ཨེན་པ་ལོ་ཡིས་ཉེ་ཆར་རྒྱལ་ཁབ་དེའི་རྒྱལ་ས་པི་སོ་རུ་ཀི་ནེ་ཡ་པི་སོ་ནས་ཀྲུང་གོ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་བྱེད་པ་དང་། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཀི་ནེ་ཡ་པི་སོའི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད་པ་རེད།

ཉིན་དེར་ཨེན་པ་ལོ་ཡིས་ཀི་ནེ་ཡ་པི་སོ་རུ་བཅའ་སྡོད་ཀྲུང་གོའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཚེས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས། ཀི་ནེ་ཡ་པི་སོས་ཀྲུང་གོ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་བྱེད་ཀྱི་ཡོད། ཀི་ནེ་ཡ་པི་སོ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀི་ནེ་ཡ་པི་སོའི་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཀྱི་དུས་སྐབས་ནས་ཕྱོགས་གཉིས་པོའི་དབར་མཛའ་མཐུན་ཟབ་མོ་ཆགས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཀི་ནེ་ཡ་པི་སོའི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཁོང་གིས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་པོ་བྱུང་བ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པར་སླེབས་པར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

ཀུའོ་ཚེས་རྒྱལ་ཡིག་རྩིས་སྤྲད་རྗེས་ཨེན་པ་ལོ་དང་གྲོས་མོལ་བྱས་ཤིང་། ཁོང་གིས་ཀྲུང་གོ་དང་ཀི་ནེ་ཡ་པི་སོའི་དབར་གྱི་འབྲེལ་བ་ཉེ་བའི་ལོ་ཤས་རིང་སྐྱོན་བྲལ་དང་བདེ་བླག་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དེ་བས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླའི་བརྩེ་དུང་མངོན་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཀི་ནེ་ཡ་པི་སོའི་ཙུང་ཐུང་གིས་བརྗོད་དོན། ཀྲུང་གོས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ།

ཉིན་དེར་ཨེན་པ་ལོ་ཡིས་ཀི་ནེ་ཡ་པི་སོ་རུ་བཅའ་སྡོད་ཀྲུང་གོའི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བ་ཀུའོ་ཚེས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས། ཀི་ནེ་ཡ་པི་སོས་ཀྲུང་གོ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་བྱེད་ཀྱི་ཡོད། ཀི་ནེ་ཡ་པི་སོ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ཡུན་རིང་ལྡ