ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཡོད་ཅེས་བསྟན་པ།

2020-10-15 16:11:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་2020ལོར་འཛམ་གླིང་གི་དཔལ་འབྱོར་4.4%ཆག་རྒྱུ་དང་། ཀྲུང་གོ་ནི་འདི་ལོ་གོ་ལ་ཧྲིལ་པོར་གཙང་འཕར་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་ཅིག་དེ་རེད།

སྙན་ཞུའི་ནང་། དཔལ་འབྱོར་རིམ་བཞིན་སླར་གསོ་བྱེད་འགོ་ཚུགས་པ་དང་བསྟུན། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཞན་གྱི་གནས་ནས་ཡག་ཏུ་འགྲོ་འགོ་ཚུགས་ཡོད། ཀྲུང་གོ་འདི་ཉིད་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཞིག་ཡིན་པའི་ངོས་ནས། གོ་ལ་ཧྲིལ་པོའི་ཉོ་ཚོང་སྤྱི་ཟླ་6པ་ནས་བཟུང་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཡོད་ཅེས་འཁོད་པ་དང་། སྙན་ཞུའི་ནང་སྔོན་དཔག་བྱས་པར་ཀྲུང་གོའི་དཔལ་འབྱོར་འདི་ལོ་1.9%འཕར་རྒྱུ་དང་། དེ་སྤྱི་ཟླ་6པ་དང་བསྡུར་ན་བརྒྱ་ཆའི་གནས་0.9འཕར་རྒྱུ་ཡིན་པ། ཀྲུང་གོ་ནི་གོ་ལ་ཧྲིལ་པོར་གཙང་འཕར་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་ཅིག་དེར་འགྱུར་རྒྱུ་རེད། དུས་མཚུངས་སུ་ཀྲུང་གོའི་དཔལ་འབྱོར་སྤྱི་ལོ་2021ལོར་རྒྱུན་མཐུད་འཕར་སྣོན་འགྲོ་རྒྱུ་དང་འཕར་ཚད་8.2%ཟིན་ཡོད་ཅེས་འཁོད་ཡོད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱིས་འདི་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་4.4%ཆག་རྒྱུ་ཡིན་པ་དེ་སྤྱི་ཟླ་6པའི་སྔོན་དཔག་ལས་བརྒྱ་ཆའི་གནས་0.8འཕར་རྒྱུ་ཡིན་ཞིང་། དེའི་ནང་ཨ་རིའི་དཔལ་འབྱོར་4.3%ཆག་རྒྱུ་དང་། ཡོ་རོབ་སྒོར་མོའི་ཁུལ་གྱི་དཔལ་འབྱོར་8.3%ཆག་རྒྱུ། ལྗར་པན་གྱི་དཔལ་འབྱོར་5.3%ཆག་རྒྱུ་བཅས་ཡིན་པ་རེད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་པ་ཀེ་ཕི་ན་ཐེས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཕྲན་བུ་བྱུང་ཡོད་མོད། འོན་ཀྱང་ཉམས་ཉེན་ད་དུང་མཇུག་འགྲིལ་མེད། ཀྲུང་གོའི་དཔལ་འབྱོར་སླར་གསོ་མགྱོགས་པོ་བྱུང་བ་དེས་གོ་ལ་ཧྲིལ་པོར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྙན་ཞུའི་ནང་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཡོད་ཅེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་2020ལོར་འཛམ་གླིང་གི་དཔལ་འབྱོར་4.4%ཆག་རྒྱུ་དང་།