ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

“མོན་ལུའོ་རིང་ལུགས་གསར་པ” མི་སེམས་ལ་བབ་མེད།

2020-09-14 16:13:00     责编:sangjzm

ཐེ་རོན་ཕུ་སྲིད་གཞུང་གིས་འོས་སྦྱོར་དྲག་པོ་བྱས་པའི་ཨ་རི་བ་མའོ་ལི་ཤིས་ཨའོ•ཁེ་ལ་ཕུའུ་—ཁ་ལུའོ་ནེ་སྤྱི་ཚེས་12ཉིན་ཨ་མེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལ་བདམས་ཐོན་བྱུང་ནས། ལས་ཁུངས་དེ་ལོ་ངོ་60ལྷག་ཙམ་རིང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་འགོ་འཛིན་གྱི་འགན་འཁུར་བའི་རྒྱུན་སྲོལ་གཏོར་ཡོད། ཉེ་བའི་ལོ་ཤས་རིང་། ཨ་རིས་“མོན་ལུའོ་རིང་ལུགས་གསར་པ་”ལག་བསྟར་བྱས་པ་དང་། ལ་ཏིང་མེ་གླིང་ས་ཁུལ་ལ་ཐེ་ཇུས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ས་ཁུལ་གྱི་མཉམ་ལས་དང་འཕེལ་རྒྱས་ལ་གཏོར་བཤིག་བཏང་བས། དེའི་བཙན་དབང་བྱེད་སྤྱོད་ལ་ས་ཁུལ་དེའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་སྐྱོན་བརྗོད་བྱས་པ་རེད།

ཐེ་རོན་ཕུ་སྲིད་གཞུང་གི“མོན་ལུའོ་རིང་ལུགས་གསར་པའི”སྲིད་ཇུས་ཀྱི་མཚོན་ཚུལ་ཞིག་ནི། རྒྱལ་སྤྱིའི་སྒྲིག་སྲོལ་སྣང་མེད་དུ་བཏང་ནས་སྤྱི་དངོས་སྒེར་སྤྱོད་བྱེད་པ་དང་། “ཨ་རི་སྔོན་ལ་འཇོག་དགོས་ཚུལ”བཤད་པ། ཨ་རི་རང་ངོས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་གི་ཡོད། ལོ་རྒྱུས་ཀྱི་གོམས་སྲོལ་ལྟར་ན། ཨ་མེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ནི་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་འགན་འཁུར་གྱི་ཡོད། ཐེ་རོན་ཕུ་སྲིད་གཞུང་གིས་བཙན་ཤེད་ངང་དངུལ་ཁང་འགོ་འཛིན་འདེམས་སྒྲུག་གི་སྒྲིག་སྲོལ་ལ་འགྱུར་ལྡོག་བཏང་ནས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ལ་ཏིང་མེ་གླིང་ལས་དོན་གྱི་མཐོ་རིམ་བློ་འདྲི་བ་དང་ཁུ་པའི་རྒྱུད་ཡིན་པའི་ཨ་རི་བ་ཁེ་ལ་ཧྥུའུ—ཁ་ལུའོ་ནེ་ཨ་མེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལ་འོས་སྦྱོར་བྱས་ཡོད། ཁི་ལ་ཧྥུ་-ཁ་ལོ་ནེ་ནི་ཁུ་པ་དང་ཝེ་ནེ་ཙུའེ་ལ་ལ་རྣམ་འགྱུར་དྲག་པོ་བསྟན་མཁན་སྐད་གྲགས་ཡོད་པ་ཞིག་ཡིན། ཨ་རིའི་སྲིད་གཞུང་གིས་ཁ་ལུའོ་ནེ་ཨ་མེ་རི་ཁ་གླིང་དངུལ་ཁང་གི་འགོ་གཙོར་འོས་སྦྱོར་བྱས་པའི་དམིགས་ཡུལ་ཧ་གོ་དོན་གསལ་ཞིག་ཡིན།

དེའི་སྔོན། ལ་ཏིང་མེ་གླིང་དང་སི་ཕེན་གྱི་དེ་སྔའི་སྲིད་ཕྱོགས་མི་སྣ་གལ་ཆེན་དྲུག་གིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་ཡི་གེ་བཏང་ནས་འདེམས་བསྐོ་ནར་འགྱངས་བྱ་རྒྱུའི་རེ་བ་བཏོན་པ་དང་། ཨ་རིའི་“རང་གཤིས་ཚ་པོ་དང་གཞན་ལ་བཙན་འགེལ་བྱེད་པའི་”བྱེད་སྟངས་དེར་ཁ་རྡུང་བཏང་ཡོད། ཡོངས་བསྒྲགས་ཡི་གེའི་ནང་། ཨ་རིས་གཙོ་ཁྲིད་བྱས་པའི་ཨ་མེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འགོ་འཛིན་གྱི་འདེམས་བསྐོ་དེར“ཁྲིམས་མཐུན་རང་བཞིན”མི་འདང་བའི་རྐྱེན་གྱིས་ངེས་པར་“བརྩིས་མེད”དུ་གཏོང་དགོས་ཞེས་འཁོད་ཡོད། ཨ་རིའི༼ཕྱི་འབྲེལ་སྲིད་ཇུས༽ཀྱི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས། ཁེ་ལ་ཕུའུ—ཁ་ལུའོ་ནེ་བདམས་ཐོན་བྱུང་ཚེ། “ས་ཁུལ་གྱི་ཕྱོགས་མང་རིང་ལུགས་ལྟག་ལོག་ཆེན་པོ་རྒྱག་རྒྱུ་རེད”ཅེས་བསྟན་ཡོད།

“མོན་ལུའོ་རིང་ལུགས་གསར་པའི”སྲིད་ཇུས་ཀྱི་མཚོན་ཚུལ་གཉིས་པ་ནི། བཀག་སྡོམ་དང་གནོན་ཤུགས་གང་བྱུང་དུ་སྤྱད་དེ་ངོ་ཚབ་པ་གསོ་སྐྱོང་བྱེད་པ་དང་། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་ཐ་ན་སྲིད་དབང་བརྗེ་རེས་བྱ་རྒྱུའི་ཇུས་བཀོད་བྱེད་ཀྱི་ཡོད། ཝེ་ནེ་ཙུའེ་ལ་ཡིས་ཟླ་བ་12པའི་ཟླ་མཇུག་ཏུ་གྲོས་ཚོགས་ཁང་གི་འདེམ་བསྐོ་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། ཉིན་ཤས་གོང་། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་ཞི་བས་མཐུན་འགྲིག་ཡོང་བར་སྐུལ་འདེད་གཏོང་ཆེད་དང་མི་སྔར་ལས་མང་བ་གྲོས་ཚོགས་ཀྱི་འདེམས་བསྐོའི་ནང་ཞུགས་སུ་འཇུག་ཆེད། ངོ་རྒོལ་ཤོག་ཁག་གི་མི་སྣ་ཚུད་པའི་མི་110བཙོན་འགྲོལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨའོ་ཡིས་དེའི་ཐད་འཕྱ་སྨོད་དང་ཟུར་ཟ་བྱས་ནས། བཙོན་འགྲོལ་གཏོང་རྒྱུ་ཟེར་བ་དེ་ “དྲང་གཞག་ཞིག་མ་རེད”ཅེས་བཤད་པ་རེད།

ཝེ་ནེ་ཙུའེ་ལའི་གནད་དོན་ཐད། ཐེ་རོན་ཕུ་སྲིད་གཞུང་གིས་ངོ་རྒོལ་ཤོག་ཁག་གི“གནས་སྐབས་ཙུང་ཐུང་”ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཝེ་ནེ་ཙུའེ་ལའི་ད་ལྟའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་ཡིན་ཞེས་ཡོངས་བསྒྲགས་ཐོག་བཤད་ཡོད་པ་རེད། ཝེ་ནེ་ཙུའེ་ལའི་རྒྱལ་ནང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ། ཨ་རིས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་འགལ་ནས་ཝེ་ནེ་ཙུའེ་ལར་བཀག་སྡོམ་རིམ་སྤར་བྱས་པས། བྱེད་སྟངས་འདི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་ཕོག་ཡོད། གཞན་ཡང་པོ་ལི་ཝེ་ཡའི་གནད་དོན་ཐད། ཨ་རིས་ཨ་མེ་རི་ཁ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་ལག་པར་བརྟེན་ནས་དེའི་འདེམ་བསྐོ་ཆེན་པོར་ཐེ་གཏོགས་བྱས་པས་པའོ་ལི་ཝེ་ཡའི་ཆབ་སྲིད་དུས་བབ་དུས་ཡུན་རིང་པོར་ཟང་ཟིང་དུ་གྱུར་ཡོད།

“མོན་ལུའོ་རིང་ལུགས་གསར་པའི”སྲིད་ཇུས་ཀྱི་མཚོན་ཚུལ་གསུམ་པ་ནི། འདུམ་འགྲིག་མི་བྱེད་པའི་ཀླད་རྙིང་མཁྲེགས་བཟུང་དང“སྒོ་རའི་རྒྱབ་མའི”འདུ་ཤེས་ཟབ་ཏུ་བཏང་ནས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་མཉམ་ལས་ལ་འགོག་རྐྱེན་བཟོ་གི་ཡོད། ཐེ་རོན་ཕུ་སྲིད་གཞུང་སྲིད་སྟེགས་ཐོག་འཛེགས་པ་ནས་བཟུང་། ཨ་རིའི་འཛམ་གླིང་ཁུ་བསྡུའི་འཐབ་ཇུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག ལ་ཏིང་མེ་གླིང་དུ་ཡོད་པའི་སྟོབས་ཤུགས་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རྒྱལ་ཁབ་གཞན་དག་གིས་ཐེ་གཏོགས་བྱེད་པར་བཀག་འགོག་བྱས་ནས། འདྲ་མཉམ་གཉིས་ཕན་གྱི་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་བར་གྱི་མཉམ་ལས་ལ“བུ་ལོན་གྱི་རྙི་དོང་”དང“མི་སེར་སྤེལ་བའི་རིང་ལུགས་གསར་པ”སོགས་ཀྱི་གཏམ་འཆལ་བཤད་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་འགོག་རྐྱེན་བཟོ་བའི་རེ་ངན་འཆང་གི་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་མདུན་དུ་གཏམ་འཆལ་དེ་དག་མ་རྒོལ་རང་ཐོར་དུ་སོང་ཡོད།

ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད་པ་ནི། ཨ་རིའི་རྒྱལ་ནང་དུ་ཏོག་གསར་གློ་ཚད་རིམས་ནད་ཇེ་སྡུག་ཏུ་འགྲོ་བའི་སྐབས་སུ། ཨ་རིའི་གནས་སྤོས་ཡུལ་མིའི་དབང་འཛིན་ལས་ཁུངས་ཀྱིས་མེ་གླིང་དབུས་མའི་རྒྱལ་ཁབ་ཀྱི་ངོ་རྒོལ་ལ་ཁ་ཡ་མ་བྱས་པའི་ཁར། གནས་སྤོས་ཡུལ་མིར་ཞིབ་དཔྱད་ཚད་ལེན་མ་བྱས་པའི་གནས་ཚུལ་འོག བཙན་དབང་ཆེན་པོས་ཨ་མེ་རི་ཁ་གླིང་དབུས་མའི་རྒྱལ་ཁབ་ལ་གནས་སྤོས་ཡུལ་མི་འབོར་ཆེན་ཕྱིར་བསྐྱལ་བས་རྒྱལ་ཁབ་དེ་དག་གིས་རིམས་ནད་འགོག་པའི་དཀའ་ངལ་ཆེ་རུ་བཏང་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་པོ་དང་བརྙན་འཕྲིན་ཚོགས་འདུ་འཚོགས་ནས། རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་འབྲེལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་རོགས་སྐྱོར་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་ཏུ་སྦྲེལ་བ་དང་། ལག་གདང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱེད་པའི་དུས་རབས་ཀྱི་གླུ་དབྱངས་བརྩམས་ཡོད།

བདེན་ཡོད་རོགས་མང་། བདེན་མེད་རོགས་ཉུང་། ཐེ་རོན་ཕུ་སྲིད་གཞུང་གིས“རང་མོས་འདྲ་མཉམ”གྱི་མིང་ཐོག་ནས“ཨ་རི་སྔོན་ལ་འཇོག་པའི”སྲིད་ཇུས་ལག་བསྟར་བྱས་པ་དང་། རྐང་བཙུགས་ནས་ས་ཁུལ་དང་གོ་ལ་ཧྲིལ་པོའི་མཉམ་ལས་ལ་གཏོར་བཤིག་གཏོང་བ་དང་། རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ། ལ་ཏིང་མེ་གླིང་ས་ཁུལ་ཡུན་རིང་ཚོད་འཛིན་བྱེད་པ་བཅས་ཀྱི་རེ་ངན་བཅངས་ཡོད། འོན་ཀྱང་ལ་ཏིང་མེ་གླིང་གི་མི་དམངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་དོན་གཉེར་བྱེད་པའི་བསམ་པ་བཀག་འགོག་བྱེད་མི་ཐུབ་ལ། ཨ་རིས་བཙན་དབང་ཆེན་པོས“མོན་ལུའོ་རིང་ལུགས་གསར་པའི”སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཚེ། དེར་ཀུན་གྱིས་མི་དགའ་བ་དང་ཀུན་གྱིས་ངོ་རྒོལ་བྱ་རྒྱུ་ལས་མ་འདས་ལ། མཐར་ཐབས་ཟད་འུ་ཐུག་གི་གནས་སུ་ལུས་རྒྱུ་ལས་མ་འདས་སོ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

“མོན་ལུའོ་རིང་ལུགས་གསར་པ” མི་སེམས་ལ་བབ་མེད།

ཐེ་རོན་ཕུ་སྲིད་གཞུང་གིས་འོས་སྦྱོར་དྲག་པོ་བྱས་པའི་ཨ་རི་བ་མའོ་ལི་ཤིས་ཨའོ•ཁེ་ལ་ཕུའུ་—ཁ་ལུའོ་ནེ་སྤྱི་ཚེས་12ཉིན་ཨ་མེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལ་བདམས་ཐོན་བྱུང་ནས། ལས་ཁུངས་དེ་ལོ་ངོ་60ལྷག་ཙམ་རིང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་འགོ་འཛིན་གྱི་འགན་འཁུར་བའི་རྒྱུན་སྲོལ་གཏོར་ཡོད། ཉེ་བའི་ལོ་ཤས་རིང་། ཨ་རིས་“མོན་ལུའོ་རིང་ལུགས་གསར་པ་”ལག་བསྟར་བྱས་པ་དང་། ལ་ཏིང་མེ་གླིང་ས་ཁུལ་ལ་ཐེ་ཇུས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་