ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཝུ་ཆན་གྱིས་ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་བའི་ཐད་གཏམ་བཤད་སྤེལ།

2020-09-14 15:40:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུ་ཆན་གྱིས་སྤྱི་ཚེས་13ཉིན་ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་བའི་ཐད་གཏམ་བཤད་སྤེལ་ཡོད། ཝུ་ཆན་གྱིས། པེ་ཅིང་གི་དུས་ཚོད་སྤྱི་ཟླ་9པའི་ཚེས་2ཉིན། ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་དམག་དཔུང་གི་འབྲེལ་བར་རྐང་བཙུགས་ནས་འཁྱོག་བཤད་བྱས་པ་དང་། ཀྲུང་གོའི་རྒྱལ་སྲུང་སྲིད་ཇུས་དང་དམག་དོན་འཐབ་ཇུས་ལ་གོ་བ་ལོག་སྒྲུབ་བྱས་པ། “ཀྲུང་གོའི་དམག་དོན་འཇིགས་སྣང”ཟེར་བ་འུད་སྒྲོག་བྱས་པ། ཀྲུང་གོའི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གོང་འཕེལ་ལ་ཧམ་བཤད་བྱས་པ། རྒྱལ་སྲུང་གི་གཏོང་སྒོ་དང་། ཉིང་རྡུལ་སྲིད་ཇུས། ཐེ་ཝན་སོགས་ཀྱི་གནད་དོན་ཐད་དོན་མེད་སྐྱོན་འཛུགས་བྱས་ཡོད། འདི་ནི་ཨ་རིས་སླར་ཡང་ཀྲུང་གོ་དང་ཀྲུང་གོའི་དམག་དཔུང་ལ་སྐུར་འདེབས་བྱས་པའི་དཔེ་མཚོན་གཞན་ཞིག་ཡིན། ཨ་རིས་སྙན་ཞུ་འདི་རིགས་ལོ་20བསྟུད་མར་སྤེལ་བས། བྱེད་སྤྱོད་དེ་རིགས་ནི་ བཙན་དབང་བྱ་སྤྱོད་དང་འཁྲུག་རྩོད་སློང་བའི་བྱ་སྤྱོད་དམར་རྗེན་ཞིག་ཡིན་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དམག་དཔུང་བར་གྱི་འབྲེལ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོས་དོན་དེར་ཧ་ཅང་གི་ཡི་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་ལ། ད་དུང་ཨ་རི་ཕྱོགས་དང་སྐད་ཆ་ནན་པོ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཝུ་ཆན་གྱིས་ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་བའི་ཐད་གཏམ་བཤད་སྤེལ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུ་ཆན་གྱིས་སྤྱི་ཚེས་13ཉིན་ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་བའི་ཐད་གཏམ་བཤད་སྤེལ་ཡོད། ཝུ་ཆན་གྱིས། པེ་ཅིང་གི་དུས་ཚོད་སྤྱི་ཟླ་9པའི་ཚེས་2ཉིན། ཨ་རིའི་རྒྱལ་སྲུང་པུས་སྤྱི་ལོ་2020ལོའི༼ཀྲུང་གོའི་དམག་དོན་དང་བདེ་འཇགས་གོང་འཕེལ་གྱི་སྙན་ཞུ༽ཟེར་བ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་