ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པ།

2020-09-13 10:21:00     责编:sangjzm

རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་ཀྱིས་དར་སྤེལ་བཏང་ནས་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བྱེད་དགོས་ཞེས་པ་སྟེ། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པ། 

སྤྱི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བར་རང་རྒྱལ་གྱི་ཕྱིར་སྡོད་མི་སྣའི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་བརྩེ་སེམས་ཀྱི་ཕྱུག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ། ང་ཚོས་རླབས་ཆེན་གྱི་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་དར་སྤེལ་ཡོང་བར་སྐུལ་མ་གཏོང་བ། མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་གོང་བུར་འགྲིལ་བ། སེམས་མཐུན་ཤུགས་སྒྲིལ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།

 ལེ་པ་ནོན་དུ་སྐྱོད་མཁན་གྱི་ཀྲུང་གོའི་ཁག་19པའི་ཞི་སྲུང་དཔུང་སྡེའི་བཀོད་འདོམས་པ་ཏུའུ་ཅ་ཡིས། ཏང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག་ང་ཚོའི་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། དུ་རླུང་མེད་པའི་དམག་འཁྲུག་འདིའི་ཁྲོད། ཀྲུང་གོའི་དམག་མིས་རྒྱལ་ཡོངས་ས་གནས་ཁག་གི་སྨན་དོན་པ་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པའི་ཕུལ་བྱུང་གི་འཐུས་མི་ཁག་ཅིག་ཐོན་ཡོད། ང་ཚོའི་ཞི་སྲུང་དཔོན་དམག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། མེས་རྒྱལ་དང་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ། ཚད་གཞི་མཐོན་པོར་བརྟེན་ནས་ལས་འགན་ལེགས་འགྲུབ་བྱེད་པ་བཅས་བྱས་ཏེ་ལས་འགན་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་སྟོབས་ཤུགས་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། 

སུའུ་ཏན་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་35པའི་རུ་དཔོན་ཀུའོ་ཡ་ཏུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ཀྱི་རླབས་ཆེན་ལག་ལེན་ལས་སླར་ཡང་ར་སྤྲོད་བྱུང་བར། ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་རྙོག་འཛིང་ཆེ་བའི་གནས་ཚུལ་གྱི་མདུན་དུ་རང་རེའི་ཏང་ལ་ལྡན་པའི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་ནུས་པ་ནི་ཀྲུང་གོའི་མི་དམངས་ཀྱི་བློས་འགེལ་ཆོག་པའི་སྲོག་ཤིང་ལྟ་བུ་ཡིན། ང་ཚོ་སྨན་བཅོས་རུ་ཁག་གི་རུ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། དེ་བས་སྲ་ཞིང་བརྟན་པའི་དད་སེམས་དང་དེ་བས་ཕུན་སུམ་ཚོགས་པའི་སྤྲོ་སེམས་ཀྱིས་སྨན་བཅོས་རོགས་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་པ་བཅས་བྱས་ཏེ། ཀྲུང་སུའུ་མི་དམངས་ཀྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲུང་གོ་ལྕགས་ལམ་ཅུད་དྲུག་པ་ཚོགས་པའི་སྤྱི་ཁྱབ་བཟོ་སྐྲུན་དབུ་ཆེན་གཞོན་པ་དང་། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཡང་བའི་ལྕགས་ལམ་གྱི་ཅེ་ལིན་ནས་ཧོ་ཏུང་བར་གྱི་ལམ་ཐིག་རྣམ་གྲངས་ཀྱི་སྤྱི་གཉེར་གཅིག་ལྕོག་ཐང་ཧུང་གིས། རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་འདིའི་ཁྲོད་ནས་སྲིད་ཏང་ཞིག་གིས་དམངས་དོན་དུ་སྲིད་སྐྱོང་བའི་སྤྲོ་སེམས་དང་འགན་ཟླ་བྲལ་བའི་འགོ་ཁྲིད་ཀྱི་ནུས་པ་དང་། རྒྱལ་ཁབ་གཅིག་གིས་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ། མི་དམངས་གོང་དུ་བཀུར་བའི་རིན་ཐང་ལྟ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་བཅས་མཐོང་ཐུབ། ད་ཐེངས་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ནི་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་གཅིག་བསྡུས་ཐོག་མཚོན་པ་ཞིག་ཡིན་ལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན། རླབས་ཆེན་གྱི་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་ཀྱིས་ང་ཚོར་རང་འཁྲིའི་ལས་གནས་ཐོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུར་སྐུལ་མ་ཐེབས་ངེས་རེད་ཅེས་གསུངས་ཡོད། 

ཀྲུང་གོའི་ཧོ་ནན་རྒྱལ་སྤྱིའི་མཉམ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ན་སྨི་པི་ཡའི་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་སུན་ཡན་ལེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕི་གིས་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་དང་། རྒྱལ་ཡོངས་སེམས་པ་གཅིག་ཏུ་སྒྲིལ་བ། རང་སྲོག་བློས་གཏོང་ཕོད་པ། ཚན་རིག་ལ་བརྩི་བཀུར། ལས་དབང་མཉམ་གནས་བཅས་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་བསྟན་གནང་བར། ཀུང་སིའི་ལས་བཟོ་པའི་ཁྲོད་དུ་ཐུན་མོང་གི་ངོས་འཛིན་བཟང་པོ་བྱུང་ཡོད། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མི་སྣས་ལས་གནས་ཐོག་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྣམ་གྲངས་བདེ་བླག་ངང་སྒྲུབ་རྒྱུར་འགན་ལེན་བྱས་ཏེ། རང་ནུས་གང་ཡོད་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕེ་རུའི་ ལི་ཁ་ཏུའོ་ ཕའར་མ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ ཀྲང་ཧུའེ་ཀྲེན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་དགེ་རྒན་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད་སྤོབས་སེམས་ཆེན་པོ་སྐྱེ་བྱུང་། རླབས་ཆེན་གྱི་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་ནི་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་རེད་ལ། ཀྲུང་གོའི་སྙིང་སྟོབས་ལ་གསོན་ཉམས་ལྡན་པའི་རྒྱས་བཤད་བྱས་པ་ཞིག་ཀྱང་རེད། ང་ཚོས་རང་འཁྲིའི་ལས་གནས་ཐོག་རླབས་ཆེན་གྱི་རིམས་ནད་འགོག་བཅོས་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁུང་ཙི་སློབ་གླིང་གི་རྒྱ་ཡིག་སློབ་ཁྲིད་ལས་དོན་དེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧང་ག་རིར་རྒྱུན་བཞུགས་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་སྐུལ་འདེད་ལྟེ་གནས་ཀྱི་ཡོ་རོབ་ཀྱི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཆུས་ཧུང་ཁུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་ཞིག་ཆགས་པའི་རྩ་བ་ནི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་སེམས་ཤུགས་མི་ཉམས་པ་དང་ཕྱིར་བཤོལ་མི་བྱེད་པ། མདུན་སྐྱོད་ཀྱི་གོམ་སྟབས་མི་འཇོག་པ་བཅས་ལ་རགས་ལས་ཡོད། རིམས་ནད་འགོག་བཅོས་བྱས་པ་བརྒྱུད། ཀྲུང་གོས་ཡིད་ཆེས་དེ་བས་ཆེ་བའི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་གནས་རྒྱུ་ཡིན་པས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་ཡོད།

 ཡོང་ཁུངས། ཀྲུང་དབྱངས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པ།

སྤྱི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བར་རང་རྒྱལ་གྱི་ཕྱིར་སྡོད་མི་སྣའི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་བརྩེ་སེམས་ཀྱི་ཕྱུག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་