ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁང་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ལོ་ཚོགས་ཀྱི་བརྙན་མཐོང་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཤེས་ཚིག་གནང་བར་གདེང་འཇོག་བཟང་པོ་བྱུང་བ།

2020-07-31 16:02:00     责编:nake

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁང་མང་པོའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤི་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ལོ་ཚོགས་ཀྱི་བརྙན་མཐོང་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་ཤེས་ཚིག་དེས་ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གི་གོང་འཕེལ་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། ཨེ་ཤི་ཡའི་མ་འཇོག་དངུལ་ཁང་དེ་ཉིད་འཛམ་གླིང་ཧྲིལ་པོ་ཐུན་མོང་ཐོག་གོང་འཕེལ་འགྲོ་བའི་ཕྱོགས་མང་མཉམ་ལས་ཀྱི་མིག་དཔེ་གསར་པ་ཞིག་ཏུ་འགྱུར་རྒྱུར་རེ་སྒུག་བྱེད་བཞིན་ཡོད། དབྱིན་ཇིའི་ལུན་ཏུན་དཔལ་འབྱོར་དང་ཚོང་ལས་སྲིད་ཇུས་ཧྲུའུ་ཡི་འགོ་འཛིན་ལོ་སི་དབྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་ཚིག་ནང་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས་པའི་གལ་ཆེའི་རང་བཞིན་ནན་སྟོན་་གནང་ཡོད། ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གིས་ཕྱོགས་མང་རིང་ལུགས་ལ་ཁྲིད་སྟོན་བྱ་རྒྱུའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད་ཅེས་གསུངས་པ་རེད།

ཨུ་རུ་སུའི་དེ་སྔའི་ཙུང་ལི་གཞོན་པ་དང་། ཨེ་སི་ཁོ་འར་ཁོ་ཨོ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཏེ་ཝོའར་ཁོ་ཝེ་ཅིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་ཚིག་ནི་མཚོན་རྟགས་རང་བཞིན་ཡིན་པ་དང་། ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གི་གོང་འཕེལ་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་སྦགས་མེད་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ལག་རྩལ་ཡར་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་སྟོན་གནང་ཡོད། ཨུ་རུ་སུས་ཀྱང་འབྲེལ་ཡོད་ཀྱི་རྣམ་གྲངས་གོང་འཕེལ་ཧུར་ཐག་གཏོང་རྒྱུ་དང་། ང་ཚོས་ཁྱབ་ཁོངས་དེ་དག་ཁྲོད་མཉམ་ལས་དེ་བས་མང་བ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།

ལོ་སན་པའོ་ནོར་སྲིད་བློན་ཆེན་ཀེ་ལ་མེ་ཉིས། ཨེ་ཤི་ཡའི་མ་འཇོག་དངུལ་ཁང་བཙུགས་པ་ནས་བཟུང་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་ཁྱབ་ཆེ་རུ་འགྲོ་བའི་གནས་ཚུལ་འོག འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད། ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གིས་རྣམ་གྲངས་༡༠ལྷག་ཙམ་ལ་གྲོས་འཆམ་བྱུང་ཡོད་པ་དང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཐུན་མོང་ཐོག་རིམས་ནད་ཀྱི་ཉེན་ཁ་སེལ་བ་དང་། དཔལ་འབྱོར་སླར་གསོ་ཡོང་བའི་འགག་རྩ་ཞིག་ཡིན་ཞེས་གསུངས་པ་རེད།

中央广播电视总台 央广网 版权所有

རྒྱལ་ཁང་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤི་ཡའི་མ་འཇོག་དངུལ་ཁང་གི་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ལོ་ཚོགས་ཀྱི་བརྙན་མཐོང་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཤེས་ཚིག་གནང་བར་གདེང་འཇོག་བཟང་པོ་བྱུང་བ།

ཨུ་རུ་སུའི་དེ་སྔའི་ཙུང་ལི་གཞོན་པ་དང་། ཨེ་སི་ཁོ་འར་ཁོ་ཨོ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ ཏེ་ཝོའར་ཁོ་ཝེ་ཅིས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤེས་ཚིག་ནི་མཚོན་རྟགས་རང་བཞིན་ཡིན་པ་དང་།