ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སྔོན་ལ་ནད་པ་སྐྱོབ་པ་དང་རྗེས་ལ་མཇུག་རྩིས་རྒྱག་པ་སྟེ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བ་དང་དོགས་ཡོད་ནད་པར་སྨན་བཅོས་བྱས་པའི་སྨན་རིན་སྨན་བཅོས་འགན་བཅོལ་ནས་བཏང་བ་སྒོར་དུང་ཕྱུར་12ལས་བརྒལ་བ།

2020-07-30 15:38:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་28ཉིན་ཟུར་གསལ་ཚོགས་འདུ་འཚོགས་ཏེ། ཧོ་པེ་སོགས་ཞིང་ལྗོངས་བརྒྱད་ལ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་རྒྱུའི་ཚོད་ལྟ་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ཇུས་གཞི་བཅུ་ལ་ཆོག་མཆན་ཐོབ་ཡོད། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བ་དང་དོགས་ཡོད་ནད་པའི་སྨན་རིན་སྨན་བཅོས་འགན་བཅོལ་ནས་གཏོང་ཚད་སྒོར་དུང་ཕྱུར་12ལས་བརྒལ་ཡོད་ཅེས་བསྟན་ཡོད།

སྤུས་ལེགས་སྨན་བཅོས་ཐོན་ཁུངས་མི་འདང་བ་དང་། ཁྱབ་ཚུལ་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་བྱ་ཆེད། རང་རྒྱལ་གྱིས་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ཧོ་པེ་སོགས་ཞིང་ལྗོངས་བརྒྱད་ལ་འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་བཙུགས་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་སིའི་སི་ཀྲང་ཨོའུ་ཞའོ་ལི་ཡིས། རྣམ་གྲངས་འཛུགས་སྐྲུན་ཇུས་གཞི་བཅུ་ལ་མཆན་འགོད་བཀའ་ལན་བྱས་ཟིན་པ་མ་ཟད། ཀྲུང་དབྱང་སྔོན་རྩིས་ནས་མ་འཇོག་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད། དེས་འདོན་སྤྲོད་སྨན་ཁང་གི་ཁྱད་ལྡན་བཟང་ཆ་མངོན་གསལ་དོད་པ་དང་ས་ཁོངས་སུ་བརྟག་དཔྱད་སྨན་བཅོས་བྱེད་པའི་ནུས་པ་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱ་རྒྱུ་རེད་ཅེས་གསུངས་ཡོད།

རྒྱལ་ཁབ་སྨན་བཅོས་འགལ་བཅོལ་ཅུད་སྨན་བཅོས་སྨན་རྫས་ཞབས་ཞུ་དོ་དམ་སིའི་སི་ཀྲང་ཞུང་ཞན་ཅུན་གྱིས། སྤྱི་ཟླ་7པའི་ཚེས་19ཉིན་བར། རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བའི་ནད་པ་དང་དོགས་ཡོད་ནད་པར་སྨན་བཅོས་འགན་བཅོལ་ནས་མཇུག་རྩིས་རྒྱག་ཚད་མི་ཐེངས་ཆིག་འབུམ་སུམ་ཁྲི་ལྔ་སྟོང་ལྔ་བརྒྱ་ཟིན་པ་དང་། སྨན་རིན་སྒོར་དུང་ཕྱུར་18དང་བྱེ་བ་བཞི་དང་ས་ཡ་བདུན་ཟིན་པ། སྨན་བཅོལ་འགན་བཅོལ་ནས་སྨན་རིན་སྒོར་དུང་ཕྱུར་12དང་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་བ་དེས་གཏོང་སྤྲོད་བསྡུར་གྲངས་ཀྱི་67%ཟིན་ཡོད། རིམས་ནད་རིང་དྲ་སྦྲེལ་ཐོག་སྨན་བཅོས་འགན་བཅོལ་སྣོན་ཞེས་པ་དང་། སྨན་ཐོ་རིང་པོ་སོགས་ཀྱི་དམངས་ཕན་བྱ་ཐབས་བཏོན་པ་དང་། དེ་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན་ལ་འགྱུར་བ། དམིགས་བསལ་མི་ཚོགས་དང་དམིགས་བསལ་གཏན་འཁེལ་ནད་གཞིའི་སྨན་བཅོས་དང་སྨན་རྫས་ཆག་ཡང་ལམ་ལུགས་འཚོལ་ཞིབ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

སྔོན་ལ་ནད་པ་སྐྱོབ་པ་དང་རྗེས་ལ་མཇུག་རྩིས་རྒྱག་པ་སྟེ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བ་དང་དོགས་ཡོད་ནད་པར་སྨན་བཅོས་བྱས་པའི་སྨན་རིན་སྨན་བཅོས་འགན་བཅོལ་ནས་བཏང་བ་སྒོར་དུང་ཕྱུར་12ལས་བརྒལ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་28ཉིན་ཟུར་གསལ་ཚོགས་འདུ་འཚོགས་ཏེ། ཧོ་པེ་སོགས་ཞིང་ལྗོངས་བརྒྱད་ལ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་རྒྱུའི་ཚོད་ལྟ་བྱ་རྒྱུ་ཡིན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ཇུས་གཞི་བཅུ་ལ་ཆོག་མཆན་ཐོབ་ཡོད། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བ་དང་དོགས་ཡོད་ནད་པའི་སྨན་རིན་སྨན་བཅོས་འགན་བཅོལ་ནས་གཏོང་ཚད་སྒོར་དུང་ཕྱུར་12ལས་བརྒལ་