ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཤིག་གིས་ཀྲུང་ཨའི་འགྲོ་འོང་དང་མཉམ་ལས་ལ་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

2020-07-28 17:14:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཨ་རིའི་རྒྱལ་ནང་དུ་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡི་ཀྲུང་གོ་དང་འབྲེལ་བའི་གཏམ་བཤད་ལ་སྐྱོན་བརྗོད་བྱས་བའི་སྐོར་གླེང་སྐབས། ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། ད་ལྟ་སྔ་ས་ནས་འདུ་ཤེས་འཛིན་སྟངས་ཀྱི་འགལ་ཟླ་སློང་བའི་ལོ་རབས་མིན་པས། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་རླབས་རྒྱུན་འགོག་ཐབས་བྲལ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཤིག་ལ་དཀྲོག་གཏམ་བཟོས་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དམའ་འབེབས་གཏོང་མཚམས་འཇོག་དགོས་པ་དང་། ཀྲུང་གོ་དང་ཨ་རིའི་དབར་གྱི་འགྲོ་འོང་དང་མཉམ་ལས་ལ་གཏོར་བཤིག་གཏོང་བ་དང་འགོག་རྐྱེན་བཟོ་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཨ་རིའི་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཧ་སིས་ཉིན་ཤས་གོང་ཐུད་ཐེ་བསྐུར་ནས་རང་གི་རྩོམ་ཡིག་བརྒྱུད་འདྲེན་བྱས་ཏེ་ཕེང་ཕེ་ཨའོ་ཡིས་དེ་གོང་ཙུང་ཐུང་ཉི་ཁེ་སུང་དཔེ་མཛོད་ཁང་དུ་སྤེལ་བའི་གཏམ་བཤད་ལ་སྐྱོན་བརྗོད་བྱས་ནས། ཕེང་ཕེ་ཨའོ་ཡིས་ལོ་རྒྱུས་འཁྱོག་བཤད་བྱས་པ་མ་ཟད། མིག་སྔའི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བར་ལག་བསྟར་བྱེད་ཐབས་བྲལ་བ་དང་ཕན་ཚུན་སྦྲེལ་བ་བྱེད་ཐབས་འབྲལ་བའི་སྲིད་ཇུས་བཏོན་ནས་མ་གཞི་ནས་གནོད་འཚེ་ཕོག་པའི་ཕྱོགས་གཉིས་པོའི་འབྲེལ་བར་གནོད་འཚེ་བཏང་ཡོད་ཅེས་བརྗོད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

ཝང་ཝུན་པིན་གྱིས། ཕེང་ཕེ་ཨའོ་ཡིས་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་གི་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་ཡོངས་སུ་ཁས་མ་བླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་དམའ་འབེབས་དང་ཚུར་རྒོལ་ཚད་མེད་བྱས་ཤིང་། ཕྱོགས་ཡོངས་ནས་ཀྲུང་གོར་སྐོར་འགོག་བཀག་སྡོམ་བྱ་རྒྱུ་འུད་སྒྲོག་བྱས་པ། གོ་ན་སྐྱི་གཡའ་བ་དང་། སྨྱོ་གཏམ་གང་བྱུང་བཤད་པས་ཨ་རིའི་དཔྱོད་ལྡན་མི་སྣ་ཚུད་པའི་ཞི་བདེར་དགའ་བ་དང་དྲང་བདེན་གྱི་འདུ་ཤེས་ཡོད་པའི་མི་རྣམས་ཀྱི་སྐྱོན་བརྗོད་དང་རྒོལ་གཏམ་ཕོག་ཡོད་ཅེས་བརྗོད།

ཝང་ཝུན་པིན་གྱིས། ཕེང་ཕེ་ཨའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་ནི“བཙན་དབང་རིང་ལུགས་ཀྱི་ཆེད་དུ་བཙུགས་པ་ཡིན”ཞེས་དམའ་འབེབས་བཏང་བ་ནི་ཤེས་རྨོངས་དང་ཕྱོགས་རིས་ཀྱི་ལྟ་ཚུལ་ལས་བྱུང་བ་ཞིག་རེད། ཕེང་ཕེ་ཨའོ་ཡིས་མི་ཤེས་པ་ནི། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཡོན་བཅུ་ཕྲག་ཁ་ཤས་ལས་མེད་པའི་ཏང་ཆུང་ཆུང་ཞིག་ནས་ད་ལྟ་ཏང་ཡོན་ཁྲི་9100ལྷག་ཙམ་ཡོད་པ་དང་། འཛམ་གླིང་གི་མི་འབོར་ཆེས་མང་བའི་རྒྱལ་ཁབ་ཏུ་ཡུན་རིང་སྲིད་སྐྱོང་བའི་ཏང་ཆེན་པོ་ཞིག་ཏུ་འཕེལ་རྒྱས་བྱུང་བའི་རྒྱུ་མཚན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱས་པའི་རྐྱེན་གྱིས་རེད། ཉེ་ཆར་ཧ་ཧྥོ་སློབ་ཆེན་གྱི་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གིས་སྤེལ་བའི་ཞིབ་འཇུག་སྙན་ཞུ་ཞིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་སྲིད་གཞུང་ལ་ཀྲུང་གོ་མི་དམངས་ཁྲོད་རྒྱབ་སྐྱོར་ཐོབ་ཚད་དང་བློ་ཡིད་ཚིམ་ཚད་93%ལས་བརྒལ་ཡོད་པ་རེད། ཨ་རིའི་གྲགས་ཅན་གྱི་སྤྱི་ཚོགས་འབྲེལ་བའི་ཀུང་སི་ཨའེ་ཏེ་མན་གྱིས་ཀྱང་ཡིད་ཆེས་ཐོབ་ཚད་ཀྱི་བརྟག་དཔྱད་སྤེལ་བ་ལས་མངོན་པར་གཞིགས་ན། ཀྲུང་གོའི་དམངས་ཚོགས་ཀྱིས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ཡིད་ཆེས་བྱེད་ཚད་95%ཟིན་ཡོད་ཅིང་། བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་ཁབ་ཁྲོད་ཨང་དང་པོ་ཡིན། ཨ་རིར་48%ལས་མེད་པས་མཇུག་ནས་རྩིས་པའི་ཨང་གཉིས་པ་ཡིན་ཞེས་བརྗོད།

ཝང་ཝུན་པིན་གྱིས“ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཚད་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན་པ་ལས་ཨ་རིའི་ཚབ་བྱ་རྒྱུ་དེ་མིན། ཨ་རིའི་རྒྱལ་སྤྱིའི་གནས་བབ་མཐར་གཏུགས་ནས་བཤད་ན་ཨ་རི་རང་ཉིད་ལ་རག་ལས་ཡོད་པ་ལས་གཞན་ལ་ཁག་དཀྲི་བྱེད་མི་རུང”ཞེས་བཤད་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་སྲིད་ཏང་ཞིག་ཀྱང་ཡིན། ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་་ལྔ་དར་སྤེལ་གཏོང་མཁན་དང་ལག་ལེན་བྱེད་མཁན་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་ལས་འཛིན་རྒྱལ་ཁབ་ལྔའི་ཁྲོད་ཞི་བདེ་སྲུང་སྐྱོང་མི་སྣ་མངགས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན་ཞིང་། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཞི་བའི་ངང་ཐག་གཅོད་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཉེ་བའི་ལོ་ཤས་རིང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དོན་དངོས་དེ་དག་སྐྱེ་བོ་ཀུན་གྱིས་མཐོང་གསལ་ཡིན་ལ་ཕེང་ཕེ་ཨའོ་ཡིས་རྩིས་མེད་དུ་གཏོང་མི་ཐུབ་པ་ཞིག་རེད་ཅེས་བརྗོད།

“ཕེང་ཕེ་ཨའོ་ཡིས་གཏམ་བཤད་སྤེལ་སྐབས་ཀྲུང་གོར་ངོ་རྒོལ་བྱེད་མཁན་མནའ་འབྲེལ་ལ་འཁྲུག་སློང་བྱེད་གང་ཐུབ་བྱས་མོད། འོན་ཀྱང་ཁོས་མིའི་རིགས་སྔར་ནས་དུས་རབས་21པར་སླེབས་པ་བརྗེད་པ་ཡིན་ནམ། འཁོན་འཛིན་འུད་སྒྲོག་དང་ཁ་གཏད་དུ་ལངས་རྒྱུ་ངན་སྐུལ་བྱས་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་གཏན་ནས་མི་མཐུན་པར། ལོ་རྒྱུས་ཕྱིར་བཤོལ་བྱས་པ་ཡིན་པས་མི་སེམས་ལ་མི་འབབ”ཅེས་ཝང་ཝུན་པིན་གྱིས་བཤད་པ་དང་། “ཕེང་ཕེ་ཨའོ་ཡིས་ཁ་གདངས་ཚད་ལ་དམངས་གཙོ་དང་རང་དབང་ཟེར་བར་སྲུང་སྐྱོང་བྱེད་དགོས་ཞེས་བཤད་རུང་། དོན་དངོས་ཐོག་ཁོས་དམངས་གཙོ་དང་རང་དབང་གི་ཚབ་བྱེད་མི་ཐུབ། ཁོས་ཨ་རིའི་བཙན་དབང་དང་ཁོའི་རྒྱབ་ཀྱི་ཁེ་ཕན་ཚོགས་པར་ཞབས་ཞུ་བྱས་པ་ཙམ་རེད། འོན་ཀྱང་ད་ལྟ་སྔར་ནས་འདུ་ཤེས་འཛིན་སྟངས་ཐད་འགལ་ཟླ་སློང་པའི་ལོ་རབས་མིན། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་འཕེལ་ཕྱོགས་འགོག་ཐབས་བྲལ”ཞེས་བརྗོད།

ཝང་ཝུན་པིན་གྱིས་ད་ལོ་ཙུང་ཐུང་ཉི་ཁེ་སུང་ཀྲུང་གོར་འཚམས་འདྲིར་ཕེབས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཡོད། ཀྲུང་ཨའི་འབྲེལ་བའི་དུས་རབས་ཕྱེད་ཀ་རིང་གི་འཕེལ་རིམ་ལས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱས་ན་ཀྲུང་ཨའི་འབྲེལ་བ་གཞི་ནས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པ་གསལ་སྟོན་བྱས་ཡོད། ཀྲུང་གོས་ཨ་རིར་འགྱུར་ལྡོག་གཏོང་འདོད་མེད་ལ་ཨ་རིས་ཀྱང་ཀྲུང་གོར་འགྱུར་ལྡོག་གཏོང་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད། བཙན་པོ་དབང་ཡོད་དང་དྲང་གཞག་མིན་པ་གང་ཡང་དང་ལེན་བྱེད་མི་སྲིད། ཀྲུང་གོ་མི་དམངས་གཉོད་ཆུང་བརྙས་བཅོས་བྱེད་ཆོག་པ་ཞིག་མིན་ལ། འཛམ་གླིང་གི་མི་དམངས་རྣམས་ལས་སླ་པོར་མགོ་སྐོར་འོག་ཚུད་ཐུབ་པ་ཞིག་མིན། “ང་ཚོས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཤིག་གིས་དཀྲོག་གཏམ་བཟོས་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དམའ་འབེབས་གཏོང་མཚམས་འཇོག་དགོས་པ་དང་ཀྲུང་གོ་དང་ཨ་རིའི་དབར་གྱི་འགྲོ་འོང་དང་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན། ང་ཚོས་འཛམ་གླིང་ཐོག་གི་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་སྣ་ཚང་མ་ཡར་ལངས་ནས་ཕེང་ཕེ་ཨའོ་ཡི་གྲས་ཀྱིས་འཛམ་གླིང་གི་ཞི་བདེར་གནོད་འཚེ་གཏོང་བའི་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཤིག་གིས་ཀྲུང་ཨའི་འགྲོ་འོང་དང་མཉམ་ལས་ལ་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་ཨ་རིའི་རྒྱལ་ནང་དུ་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡི་ཀྲུང་གོ་དང་འབྲེལ་བའི་གཏམ་བཤད་ལ་སྐྱོན་བརྗོད་བྱས་བའི་སྐོར་གླེང་སྐབས། ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། ད་ལྟ་སྔ་ས་ནས་འདུ་ཤེས་འཛིན་སྟངས་ཀྱི་འགལ་ཟླ་སློང་བའི་ལོ་རབས་མིན་པས། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་རླབས་རྒྱུན་འགོག་ཐབས་བྲལ། ཀྲུང་གོ་ཕྱོགས་ཀྱིས་ཨ་