ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་སྐུ་ཚབ་ཀྱིས་བརྗོད་དོན། ཀྲུང་གོས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ།

2020-07-28 17:13:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གནམ་གཤིས་དང་བདེ་འཇགས་གནད་དོན་གྱི་རིམ་མཐོའི་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུའི་ཐོག འཛམ་གླིང་སྤྱི་ཡོངས་ལ་ལྟ་སྐབས་རྒྱལ་ཁབ་ཁག་གཅིག་གིས་འགན་མི་འཁུར་བ་དང་སྨྱོ་ཧམ་ཤིན་ཏུ་ཆེ་བའི་ཕྱོགས་རྐྱང་རིང་ལུགས་དང་བཙན་པོ་དབང་ཡོད་ཀྱི་བྱེད་སྤྱོད་སྤེལ་བ་ལས་ཐོན་པའི་གནོད་པ་ཇེ་ཆེར་འགྲོ་བཞིན་ཡོད། གལ་ཏེ་དེ་དག་རང་དགར་རྒྱ་ཡན་དུ་བཏང་ན་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་། དྲང་གཞག དྲང་བདེན། འདྲ་མཉམ། ཕན་ཚུན་ཡིད་ཆེས་སོགས་རྨེག་མེད་དུ་གྱུར་ཏེ་འཛམ་གླིང་ལ་སྐྱིད་པའི་ཉི་མ་གཏན་ནས་ཤར་ཐབས་བྲལ་ཡོད། དེས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱས་ཏེ་ཕར་རྒོལ་ནུས་ལྡན་བྱེད་དགོས་ཞེས་བརྗོད་པ་རེད།

ཀྲང་ཅུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བཙན་དབང་རིང་ལུགས་དང་བཙན་པོ་དབང་ཡོད་ཀྱི་བྱེད་སྤྱོད་ལ་ངོ་རྒོལ་དང་ང་ཆེ་ང་བཙན་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ་ཡུན་རིང་ཞི་མཐུན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་ཡིད་འོང་བཅས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུན་མོང་ཐོག་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོའི་སྐུ་ཚབ་ཀྱིས་བརྗོད་དོན། ཀྲུང་གོས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཀྲང་ཅུན་གྱིས་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གནམ་གཤིས་དང་བདེ་འཇགས་གནད་དོན་གྱི་རིམ་མཐོའི་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུའི་ཐོག འཛམ་གླིང་སྤྱི་ཡོངས་ལ་ལྟ་སྐབས་རྒྱལ་ཁབ་ཁག་གཅིག་གིས་འགན་མི་འཁུར་བ་དང་སྨྱོ་ཧམ་ཤིན་ཏུ་ཆེ་བའི་ཕྱོགས་རྐྱང་