ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་ཀང་དབན་ཀུང་སིའི་ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱས་པ།

2020-06-29 21:21:00     责编:sangjzm
     སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོའི་སྡོད་ཁང་རྩེ་གྲའི་ཁུལ་གྱི་ཉེ་འགྲམ་དུ། ཀྲུང་གོ་ཀང་དབན་ལས་གྲྭ་ཚད་ཡོད་ཀུང་སིའི་ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཚོགས་པས་སྐྲུན་འགན་འཁུར་བའི་རིག་ནུས་ཅན་གྱི་ཕྱོགས་བསྡུས་སྐྲུན་དངོས་ཡོད། ཉིན་ཤས་གོང་ལག་པ་འཁྲུ་བ་དང་། ལྷམ་ཆུ་བཤལ་གཏོང་བ། དུག་སེལ་བྱེད་པ། ཚ་བ་ལྟ་བ་སོགས་ཀྱི་གོ་རིམ་བརྒྱུད་གསར་འགོད་པ་གཞི་ནས་ཨར་སྐྲུན་བྱ་ཡུལ་དུ་འགྲོ་ཆོག་པའི་ཆོག་མཆན་ཐོབ་བྱུང་།
     རྣམ་གྲངས་པུས་རིམས་འགོག་བྱ་ཆེད་ཆེད་མངགས་བཀོད་སྒྲིག་བྱས་པའི་ལས་མི་ལོགས་འཇོག་བྱ་ཡུལ་གྱི་ཕྱི་རོལ་ནས་གསར་འགོད་པར་ལོ་34ལ་སླེབས་པའི་རྣམ་གྲངས་ཀྱི་ཁ་ལོ་བ་ཨ་མི་ལ་འཕྲད་བྱུང་། དེ་ཉིན་ནི་ཁོང་ལོགས་འཇོག་བྱ་ཡུལ་དུ་ལྟ་ཞིབ་བྱེད་ཡུན་གཟའ་འཁོར་གཅིག་གི་ཉིན་མོ་མཐའ་མ་དེ་རེད་འདུག“སང་ཉིན་ནས་བཟུང་ང་ལས་ཡུལ་དངོས་སུ་ལས་ཀར་སྐྱོད་ཆོག་གི་ཡོད”ཅེས་ཨ་མི་ལས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད་བྱུང་།
     རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཆེད། ཟླ་3ཚེས་20ཉིན་སི་རི་ལན་ཁ་སྲིད་གཞུང་གིས་རྒྱལ་ཡོངས་སུ་མཚན་འགྲུལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པས་ཨ་མི་ལ་ལས་ཡུལ་ནས་ཁ་བྲལ་ཏེ་ཁྱིམ་དུ་མ་ལོག་ཀ་མེད་བྱུང་ཡོད། ཨ་མི་ལས“ལས་ཀར་འགྲོ་མ་ཐུབ་ཀྱང་ནང་མི་མཉམ་དུ་སྡོད་རྒྱུ་བྱུང་ན་ཡག་པོ་འདུག་སྙམ། འོན་ཀྱང་ཟླ་བ་ཁ་ཤས་སོང་རྗེས་ཁོ་པར་འཚོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བའི་ཚོར་སྣང་ཞིག་བྱུང”ཞེས་བརྗོད།
     ཟླ་བ་ལྔ་པའི་ཟླ་མཇུག་ཏུ། ལས་འགོ་བསྐྱར་འཛུགས་བྱེད་ཆོག་པའི་གནས་ཚུལ་གོ་ཐོས་བྱུང་རྗེས། ཨ་མི་ལས་འཕྲལ་མར་ཁ་པར་བརྒྱབ་ནས་ལས་འགོ་བསྐྱར་འཛུགས་ནང་ཞུགས་རྒྱུའི་རེ་འདུན་ཞུས།
     “ལོགས་འཇོག་ཁུལ་གྱི་འཚོ་བའི་ཆ་རྐྱེན་ཕྱི་ལྟར་འཛོམས་པོ་མེད། ལྟ་ཞིབ་མཇུག་འགྲིལ་རྗེས་ད་དུང་ལས་ཡུལ་དུ་བཀག་སྡོམ་དོ་དམ་དང་ལེན་བྱེད་དགོས་རྐྱེན། དེ་སྔོན་ལྟར་ཉིན་ལྟར་ཁྱིམ་དུ་ལོག་ཆོག་གི་མི་འདུག འོན་ཀྱང་མིག་སྔར་རང་ཉིད་ཀྱི་ངོས་ནས་བརྗོད་ན་འཚོ་བའི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དེ་གལ་ཆེ་ཤོས་རེད་འདུག ཁེ་ལས་ཀྱིས་ཆ་རྐྱེན་བསྐྲུན་ནས་ང་ཚོ་བདེ་འཇགས་ངང་ལས་འགོ་བསྐྱར་འཛུགས་ཐུབ་པས་ང་ཚོར་དགའ་སྤྲོ་དཔག་མེད་སྐྱེས་བྱུང”ཞེས་ཨ་མི་ལས་བརྗོད།
     ཨར་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་ལ་ཚན་པ་མང་པོ་ཡོད་རྐྱེན། རྣམ་གྲངས་ཚོགས་པས་ཕན་ཚུན་མི་འགོས་པ་བྱ་ཆེད་བྱ་ཐབས་ནན་པོ་བཏོན་ཡོད། དེ་སྔོན་ལས་ཡུལ་གྱི་ཉིན་ལས་དང་མཚན་ལས་བྱེད་མཁན་གྱིས་དུས་ཐོག་ཏུ་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱས་ན་འགྲིག འོན་ཀྱང་ད་ལྟ་ཉིན་ལྟར་ལས་མཇུག་འགྲིལ་རྗེས་རྣམ་གྲངས་པུའི་སྡོད་བྱའི་མི་སྣས་ལམ་སེང་ལས་ཀ་བྱ་ཡུལ་དུ་གཙང་སྦྲ་དང་། དུག་སེལ། རླུང་འགྲོ་ཡག་པོ་ཡོང་བ་བཅས་བྱས་ནས་བདེ་འཇགས་འགན་ལེན་ཐུབ་རྗེས་རེས་སྐོར་རྗེས་མའི་ལས་བཟོ་ལས་སྒྲུབ་བྱེད་པར་གཞི་ནས་གཏོང་གི་ཡོད།
     རྣམ་གྲངས་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་ཀྲེང་གོ་ཧུའེ་ཡིས་གསར་འགོད་པར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཀུང་སིས་གློག་སྐས་ཚང་མར་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ལག་བསྟར་བྱས་པ་སྟེ། ཁག་བགོས་འགན་གཙང་ཚན་པ་སོ་སོས་ལས་ཡུལ་གྱི་ཨར་སྐྲུན་གློག་སྐས་གཅིག་ལས་སྤྱོད་ཆོག་གི་མེད་ཅེས་ངོ་སྤྲོད་བྱས་བྱུང་།
     ཀྲེང་པིང་གིས། རིམས་འགོག་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུ་གཉིས་ཀ་ལས་སླ་པོ་ཞིག་མིན། དེས་འཛུགས་སྐྲུན་མཁན་གྱི་དོ་དམ་ཆུ་ཚད་དང་བློ་རྩ་བརྟན་མིན་སོགས་ལ་ཚོད་བགམ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོ་ཀང་དབན་ཀུང་སིའི་ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱས་པ།

སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོའི་སྡོད་ཁང་རྩེ་གྲའི་ཁུལ་གྱི་ཉེ་འགྲམ་དུ། ཀྲུང་གོ་ཀང་དབན་ལས་གྲྭ་ཚད་ཡོད་ཀུང་སིའི་ཁོ་ལོན་པོའི་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ཚོགས་པས་སྐྲུན་འགན་འཁུར་བའི་རིག་ནུས་ཅན་གྱི་ཕྱོགས་བསྡུས་སྐྲུན་དངོས་ཡོད། ཉིན་ཤས་གོང་ལག་པ་འཁྲུ་བ་དང་། ལྷམ་ཆུ་བཤལ་གཏོང་བ། དུག་སེལ་བྱེད་པ། ཚ་