ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རིམས་ནད་རྗེས་ཀྱི་དུས་རབས་སུ་ཀྲུང་ཡོའི་འབྲེལ་བ་སླར་ཡང་འགོ་ཚུགས་པ།

2020-06-29 21:20:00     责编:sangjzm
     ཚེས་22ཉིན་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཉིས་པ་བརྙན་ལམ་ཐོག་ནས་བྱས་ཤིང་། དེ་ནི་ཀྲུང་གོ་ཕྱོགས་ཀྱི་འགོ་ཁྲིད་པ་དང་སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་ཐུག་འཕྲད་བྱེད་ཐེངས་དང་པོ་དེ་ཡིན་ལ། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་ཡོའི་དབར་གྱི་རིམ་པ་མཐོ་ཤོས་ཀྱི་ལམ་སྲོལ་རང་བཞིན་གྱི་འགྲོ་འོང་ཞིག་ཀྱང་རེད། རིམས་ནད་རྗེས་ཀྱི་དུས་རབས་སུ་ཀྲུང་ཡོའི་འབྲེལ་བ་སླར་ཡང་འགོ་ཚུགས་པ་དེར་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་རེ་སྒུག་བྱེད་བཞིན་ཡོད།
     འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཡིན་ཞིང་། ལོ་45ཡི་རིང་ཀྲུང་ཡོའི་འབྲེལ་བར་གསོན་ཤུགས་གསར་པ་རྒྱས་པ་དང་ནང་དོན་གསར་པ་ཟམ་མི་ཆད་པར་བསྣན་ཡོད། ད་ཆ་ཀྲུང་ཡོ་ཕྱོགས་གཉིས་པོའི་རིམས་ནད་གནས་ཚུལ་ཞི་ལྷོད་དུ་ཕྱིན་པའི་སྐབས་སུ་འཚོགས་པའི་ཀྲུང་ཡོའི་འགོ་ཁྲིད་པའི་ཐུག་འཕྲད་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།
     རིམས་ནད་ཐོན་ཚུན། ཀྲུང་ཡོའི་དབར་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ནས་ལག་གདང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་པ་དེ་ཐོག་ནས་ཕན་ཚུན་དབར་དགོས་མཁོ་ལྡན་པའི་རོགས་ཟླ་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཀྲུང་གོར་རིམས་ནད་ཚབས་ཆེ་བའི་སྐབས་སུ་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོས་ཀྲུང་གོར་སྨན་བཅོས་དངོས་ཟོག་འབོར་ཆེན་རོགས་སྐྱོར་བྱས་ཡོད། ཡོ་རོབ་ཏུ་རིམས་ནད་ཚབས་ཆེ་བའི་སྐབས་སུ་ཀྲུང་གོའི་འགོ་ཁྲིད་པས་དབྱི་ཐ་ལི་དང་། སི་ཕེན། འཇར་མན། ཧྥ་རན་སེ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཞལ་པར་ཐོག་ནས་མཐུན་སྦྱོར་དང་འབྲེལ་བ་བྱས་ཏེ་རིམས་འགོག་གི་ཡིད་ཆེས་བརྒྱུད་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་བ་མ་ཟད། སྨན་བཅོས་དངོས་ཟོག་རོགས་རམ་བྱས་ཏེ། རིམས་འགོག་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཀྲུང་ཡོ་ཕྱོགས་གཉིས་པོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་བརྒྱུད་ནས་འབྲེལ་བ་དང་། མཐུན་སྦྱོར་བྱས་པ་དང་ཆབས་ཅིག ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དེ་ཐོག་ནས་འགན་འཁྲི་འཁུར་སེམས་མངོན་ཡོད།
     དུས་མཚམས་ཤིག་རིང་ཀྲུང་ཡོ་ཕྱོགས་གཉིས་པོའི་རིམས་ནད་ཀྱི་གནས་ཚུལ་རིམ་བཞིན་ཞི་ལྷོད་དུ་ཕྱིན་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་འགོ་ཚུགས་ཡོད། ཀྲུང་ཡོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རྨང་གཞིའི་བརྟན་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་གྱུར་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམས་ནད་ཀྱི་འགོག་རྐྱེན་ལས་བསྒྲལ་ཏེ་རིམ་བཞིན་འཕར་བའི་རྣམ་པ་ཐོན་པ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཡོ་རོབ་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་ནུས་ལྡན་བྱས་པ་འཛམ་གླིང་གིས་དགའ་སྤྲོའི་ངང་མཐོང་ཐུབ། ཡོ་རོབ་ཀྱི་ཁེ་ལས་མང་པོ་ལས་འགོ་ཚུགས་རྗེས་མིག་རྒྱང་ཀྲུང་གོའི་ཁྲོམ་རར་ཕྱོགས་པ་དང་ཏ་ཀྲུང་རླངས་འཁོར་ཚོགས་པ་དང་ཅང་ཧུའེ་རླངས་འཁོར་ཚོགས་པས་མཉམ་ལས་གྲོས་མཐུན་མང་པོར་མིང་རྟགས་བཀོད་པ་དེ་རིམས་ནད་རྗེས་ཀྱི་དུས་རབས་སུ་ཀྲུང་ཡོའི་དཔལ་འབྱོར་མཉམ་ལས་བཀོད་སྒྲིག་བྱེད་པའི་དཔེ་མཚོན་ལ་གྱུར་ཡོད།
     མིག་སྔར་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ཀྲུང་ཡོའི་མཉམ་ལས་ཀྱིས་འགག་རྩའི་གནས་གསར་པ་ཞིག་བསུ་བཞིན་ཡོད་ཅིང་། ཀྲུང་ཡོའི་འབྲེལ་བ་ཇི་ལྟར་བྱས་ཏེ་སྤེལ་རྒྱུའི་ཐད་ད་ཐེངས་ཀྱི་ཀྲུང་ཡོའི་འགོ་ཁྲིད་པའི་ཐུག་འཕྲད་ཐོག་ལན་བཏབ་ཡོད་ལ་འབོད་སྒྲ་ཆེན་པོ་གྲགས་ཡོད།
     དུས་སྐབས་ཤིག་རིང“གོ་ལ་ཅན་ལས་ལྡོག་པ”དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཀྱི་འཛེར་སྒྲ་རིམས་ནད་ཐོན་པ་དང་ཆབས་ཅིག་རིམ་བཞིན་ཐོན་སྐབས་མི་མི་ཉུང་བ་ཞིག་གིས་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ཀྱི་མདུན་ལམ་ལ་སེམས་ཁྲལ་བྱེད་ཀྱི་ཡོད། རིམས་ནད་ཀྱིས་འཛམ་གླིང་ལ་སྒོ་མོ་འབྱེད་པ་ལས་སྒོ་རྒྱག་རྒྱུ་མེད་པ་དང་། མཉམ་ལས་བྱེད་པ་ལས་ཁེར་རྐྱང་དུ་མི་སྡོད་པ། ཕྱོགས་མང་བྱེད་པ་ལས་ཕྱོགས་རྐྱང་མི་བྱེད་པ་བཅས་བྱས་ཚེ། གཞི་ནས་རིམས་ནད་ཚུད་པའི་གོ་ལ་ཧྲིལ་པོའི་གནད་དོན་ལ་ཁ་གཏད་འོས་འཚམ་གཅོག་ཐུབ་པའི་བློ་སྒོ་འབྱེད་ཡོད། དེར་བརྟེན་ཀྲུང་ཡོ་རྒྱལ་ཁབ་གཉིས་པོར་ལངས་ཕྱོགས་གཅིག་མཚུངས་ཡོད།

中央广播电视总台 央广网 版权所有

རིམས་ནད་རྗེས་ཀྱི་དུས་རབས་སུ་ཀྲུང་ཡོའི་འབྲེལ་བ་སླར་ཡང་འགོ་ཚུགས་པ།

ཚེས་22ཉིན་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཉིས་པ་བརྙན་ལམ་ཐོག་ནས་བྱས་ཤིང་། དེ་ནི་ཀྲུང་གོ་ཕྱོགས་ཀྱི་འགོ་ཁྲིད་པ་དང་སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་ཐུག་འཕྲད་བྱེད་ཐེངས་དང་པོ་དེ་ཡིན་ལ། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་ཡོའི་དབར་གྱི་རིམ་པ་མཐོ