ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོར་ཤང་ཀང་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་པའི་དབང་ཆ་ཡོད་པ་དང་རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་དབང་མེད་ཅེས་བསྟན་པ།

2020-06-29 20:22:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་མང་པོའི་ལས་རིགས་ཁག་གི་མི་སྣས། ཤང་ཀང་གི་བདག་དབང་ཀྲུང་གོར་ཡོད་པ་དང་། ཀྲུང་གོར་ཤང་ཀང་སྲུང་སྐྱོང་བྱེད་པའི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་པའི་དབང་ཆ་ཡོད་པས། དེ་ནི་ཀྲུང་གོའི་ནང་སྲིད་ཡིན། རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་དབང་མེད་ཅེས་བསྟན་ཡོད་པ་རེད།
དབྱིན་ཇིའི་རིག་གནས་པ་མ་ཁེ་ཧོ་ཅིན་སིས། ཤང་ཀང་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་པ་དང་། རྒྱལ་ཁབ་གཞན་གྱི་མིན། དེར་བརྟེན། ཤང་ཀང་དུ་ཁ་བྲལ་རིགས་ཚུད་པའི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་རུང་ཞིག་མཐོང་ཐུབ་ལ། དེའི་ནང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ཚུད་ཡོད་པ་དང་། དེ་དག་ཚང་མ་ཀྲུང་གོའི་བདག་དབང་ལ་བཙན་གནོད་བྱས་པ་ཞིག་རེད་ཅེས་བཤད་ཡོད།
ཨེ་ཅེབ་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡི་འགོ་འཛིན་གཞོན་པ་ས་ལ་མུའུ་ཡིས། འོས་འཚམས་ཀྱི་ཁྲིམས་ལུགས་ཞིག་གཏན་འབེབས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་ནི། རྒྱལ་ཁབ་རེ་རེའི་དབང་ཆ་ཡིན་པ་དང་། རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་དབང་མེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཟོས་པ་དེས། ཁྲིམས་ལུགས་ཀྱི་ཞན་ཆ་གསབ་པ་དང་། ཤང་ཀང་གི་བརྟན་ལྷིང་གང་མགྱོགས་སླར་གསོ་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་བཤད་ཡོད།
ཕ་ཀི་སི་ཐན་གྱི་མཐོ་རིམ་སྲིད་དོན་དཔྱད་གཏམ་པ་ཅི་ཡ་ཉིས། ཨ་རིའི་གྲོས་ཚོགས་སྟོད་པས་ཤང་ཀང་གི་རང་སྐྱོང་ཁྲིམས་གཞི་ཟེར་བ་གྲོས་འཆམ་བྱས་པ་དང་། ད་དུང་བཀག་སྡོམ་བྱ་རྒྱུའི་འཇིགས་སྣང་སྐུལ་གྱི་ཡོད། ངས་བལྟས་ན་དེ་ནི་དཔེ་མཚོན་རང་བཞིན་གྱི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
ཧ་སག་སི་ཐན་གྱི་གྲགས་ཅན་རིག་མཛོད་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱིས་དཔྱད་གཏམ་སྤེལ་བའི་ནང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཤང་ཀང་བྱ་དོན་ཐད་དོན་གཞི་བཟོ་བ་དང་ཛ་དྲག་གནས་བབ་ཟམ་མི་ཆད་པ་བཟོས་པ་དེའི་གཏིང་ཟབ་པའི་དམིགས་ཡུལ་ནི་ཀྲུང་གོ་གོང་འཕེལ་འགྲོ་རྒྱུར་བཀག་འགོག་བྱེད་བསམ་པ་དེ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཤང་ཁང་དུ་དམངས་གཙོ་ཞེས་པའི་གླེང་གཞི་དེ་འཁྱེར་ནས། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་རྩིས་ཡོད་པ་མ་ཟད། གོ་སྐབས་དེ་དང་བསྟུན་ནས་རང་སོའི་རྒྱལ་ནང་མང་ཚོགས་ཀྱི་དོ་སྣང་བྱེད་ཡུལ་སྒྱུར་རྩིས་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ། 

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོར་ཤང་ཀང་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་པའི་དབང་ཆ་ཡོད་པ་དང་རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་དབང་མེད་ཅེས་བསྟན་པ།

རྒྱལ་ཁབ་མང་པོའི་ལས་རིགས་ཁག་གི་མི་སྣས། ཤང་ཀང་གི་བདག་དབང་ཀྲུང་གོར་ཡོད་པ་དང་། ཀྲུང་གོར་ཤང་ཀང་སྲུང་སྐྱོང་བྱེད་པའི་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱེད་པའི་དབང་ཆ་ཡོད་པས། དེ་ནི་ཀྲུང་གོའི་ནང་སྲིད་ཡིན། རྒྱལ་ཁབ་གཞན་ལ་ཐེ་ཇུས་བྱེད་དབང་མེད་ཅེས་བསྟན་ཡོད་པ་རེད།