ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སྤྱི་ལོ་༢༠༢༠ལོའི་ཀྲུང་གོ་དང་ཨུ་རུ་སུའི་སྤྱི་ཚོགས་དམངས་འདོད་བརྟག་དཔྱད་སྙན་ཞུ་ལས་མངོན་པར། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

2020-06-28 15:46:00     责编:sangjzm
ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ་༢༠༢༠ལོའི་ཀྲུང་གོ་དང་ཨུ་རུ་སུའི་དམངས་འདོད་བརྟག་དཔྱད་སྙན་ཞུ་ལས་མངོན་པར།    དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ངང་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་བརྟན་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མང་ཚོགས་ནས་ཀྲུང་ཨུའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱབ་སྐྱོར་ཁ་གསལ་བྱེད་པ་དང་།  ཀྲུང་ཨུའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།   
 ཐེངས་འདིའི་བརྟག་དཔྱད་ནི་ཀྲུང་གོ་དང་ཨུ་རུ་སུའི་མཛའ་མཐུན་དང་། ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཉེར་བ་ཞིག་ཡིན་པ་དང་།   ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་གོ་དང་ཨུ་རུ་སུའི་དུད་སྣེའི་དབུ་རྩོམ་སོགས་ཀྱིས་མཉམ་འབྲེལ་ཐོག་བསྒྲུབས་པ་ཞིག་ཡིན་ཞིང་།  ཀྲུང་གོའི་པེ་ཅིང་དང་། ཀོང་ཀྲོའུ། ཧའར་པིན་བཅས་དང་།  དེ་བཞིན་ཨུ་རུ་སུའི་མོ་སི་ཁོ་དང་། ཧྲེང་པི་ཏེ་པའོ། ཕུའུ་ལ་ཏི་ཝོ་སི་ཐུའོ་ཁེ། ཞི་པོ་ལི་ཡ་གསར་པ་སོགས་ཀྲུང་གོ་དང་ཨུ་རུ་སུའི་གྲོང་ཁྱེར་༡༡གི་མང་ཚོགས་༣༠༠༠ལྷག་ཙམ་བརྟག་དཔྱད་ནང་ཞུགས་ཡོད།
 ཕན་ཚུན་ཤེས་རྟོགས་བྱེད་པའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། བཅར་འདྲི་དང་ལེན་བྱེད་མཁན་ཚང་མས་ཕར་ཕྱོགས་རྒྱལ་ཁབ་ཀྱི་མི་དམངས་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད། ཨུ་རུ་སུའི་བཅར་འདྲི་དང་ལེན་བྱེད་མཁན་གྱི་མིག་ནང་དུ།   ལས་ལ་བརྩོན་པ་དང་། བློ་སྤོབས་དང་ལྡན་པ།   ཡིད་རྟོན་སྲུང་བ་བཅས་ནི་ཀྲུང་གོའི་མི་དམངས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་རེད།   སྤྱི་ལོ་༢༠༡༨ལོའི་བརྗོད་དོན་གཙོ་བོའི་བརྟག་དཔྱད་དང་བསྡུར་ན།  ཨུ་རུ་སུའི་མང་ཚོགས་ཀྱིས་ཀྲུང་གོ་བ་ནི་ཡིད་རྟོན་སྲུང་མཁན་ཞིག་ཡིན་པར་ཁས་ལེན་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཨུ་རུ་སུའི་རིགས་གཅིག་མཁས་ཅན་གྱིས།  ཡིད་རྟོན་སྲུང་མཁན་ཞེས་པའི་བག་ཆགས་ཟབ་ཏུ་ཕྱིན་པ་ནི་ཀྲུང་གོས་བཟོས་པའི་དངོས་པོའི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་དང་། སྨྱན་སྦྱོར་བརྒྱུད་སྤེལ་ལ་སོགས་པར་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་། དེ་དག་གི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པས་ཡིན་པའི་ངོས་འཛིན་གནང་ཡོད།
 བརྟག་དཔྱད་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་གི་འབྲེལ་གཏུག་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ནས།  རྒྱལ་ཁབ་གཉིས་པོའི་མང་ཚོགས་དབར་གྱི་བག་ཆགས་དང་ངོས་འཛིན་རིམ་བཞིན་ཟབ་ཏུ་ཕྱིན་ཡོད། སེམས་ཁམས་ཀྱི་བར་ཐག་ཀྱང་ཇེ་ཉེར་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཀྲུང་ཨུའི་ན་གཞོན་མི་རབས་ཀྱིས་ཕན་ཚུན་དང་ལེན་བྱེད་ཚད་དང་སྙིང་ཉེ་བའི་ཚད་གཞི་ཧ་ཅང་མཐོ་པོ་ཡོད་པ་རེད། མོ་སི་ཁོ་སློབ་ཆེན་ཁྲིམས་ལུགས་ཚན་ཁག་གི་འབུམ་རམས་པ་ཐུའུ་ལར། དེ་སྔ་བརྗེ་རེས་སློབ་མའི་ངོས་ནས་ཆིང་ཧྭ་སློབ་ཆེན་ཁྲིམས་ལུགས་རིག་པའི་སློབ་གླིང་དུ་སློབ་སྦྱོང་གནང་བར་ཕེབས་མྱོང་ཡོད།  ཁོང་གིས།  རང་ཉིད་ཀྱིས་ཀྲུང་གོར་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོར་སྡོད་རིང་གི་སློབ་སྦྱོང་དང་འཚོ་བ་དེས་རང་ཉིད་ལ་སྐྱིད་སྣང་དོད་པའི་དྲན་ཆར་ཞིག་བཞག་ཡོད་ལ། རང་ཉིད་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་གི་ཉམས་མྱོང་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད།   ཀྲུང་གོར་དུས་ཡུན་རིང་བའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་དང་། ཚན་རིག་ཞིབ་འཇུག་གི་ལག་རྩལ་ཆུ་ཚད་ཉིན་རེ་བཞིན་དང་ཟླ་རེ་བཞིན་མི་འདྲ་བར་འགྱུར་བ་འགྲོ་བཞིན་ཡོད།  ཨུ་རུ་སུ་དང་ཀྲུང་གོ་གཉིས་ཀྱིས་སྔར་ལས་མང་བའི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་ཡོད།
ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་། རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་ཞལ་འདེབས་འབུལ་བ་དང་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་བྱེད་པའི་ཐབས་ལམ་བརྒྱུད་ནས།  ཀྲུང་ཨུ་ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་མུས་རེད། ཨུ་རུ་སུའི་བཅར་འདྲི་དང་ལེན་བྱེད་མཁན་གྱིས་རྒྱལ་ཁབ་གཉིས་པོའི་རིམས་ནད་འགོག་བཅོས་ཀྱི་མཉམ་ལས་གྲུབ་འབྲས་ཁས་ལེན་བྱེད་ཚད་༨༤.༢%ཟིན་ཡོད། བཅར་འདྲི་དང་ལེན་བྱེད་མཁན་མང་ཆེ་བས་རིམས་ནད་འགོག་པའི་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་གཉིས་པོའི་ལངས་ཕྱོགས་དང་ནུས་པར་མོས་མཐུན་ཡོད་པའི་རྣམ་འགྱུར་གང་ལེགས་བསྟན་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོའི་རིམས་ནད་འགོག་པའི་བྱ་སྤྱོད་ལ་མིང་ངན་འདོགས་པ་དང་དཀྲོག་གཏམ་བཟོ་བའི་གནད་དོན་ཐད།  ཨུ་རུ་སུའི་བཅར་འདྲི་དང་ལེན་བྱེད་མཁན་གསུམ་ཆ་གཉིས་ལྷག་ཙམ་གྱིས་ཀྲུང་གོར་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན་ཡོད། 
ཨུ་རུ་སུའི་གྲོས་ཚོགས་སྨད་པའི་ཀྲུའུ་ཞི་གཞོན་པ་དང་པོ་མེ་ལི་ཉི་ཁེ་ཧྥུས།   ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན།   ཨུ་རུ་སུ་དང་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་སྲིད་གཞུང་དང་རིགས་གཅིག་མཁས་པའི་བང་རིམ་ཐོག་ནས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་པ་དང་།  ཨུ་ཀྲུང་མཛའ་གྲོགས་ཀྱིས་རིམས་ནད་ཀྱི་ཚོད་བགམ་ཐེག་ཐུབ་ཡོད།   ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཤུགས་ཆེན་བྱུང་བ་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་པས།   རྒྱལ་ཁབ་སུ་ཞིག་གིས་ཀྱང་རང་ཉིད་གཅིག་པུའི་ནུས་ཤུགས་ལ་བརྟེན་ནས་ཁ་གཏད་གཅོག་ཐབས་བྲལ་ཡོད།  ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་མུ་མཐུད་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་བཟུང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མ་ཟད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག  རྒྱལ་སྤྱིའི་སྤྱི་ཚོགས་ལ་དགོས་ངེས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧུའེ་ཡིས།   ཉེ་ཆར་ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སྔར་བས་སྤུས་འདེགས་རིམ་སྤོར་བྱ་རྒྱུ་རེད།  ཕྱོགས་གཉིས་པོས་ནུས་ཁུངས་དང་། མཁའ་འགྲུལ་མཁའ་སྐྱོད།  མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་མོར་སྐུལ་འདེད་བརྟན་པོ་གཏོང་རྒྱུ་དང་ཆབས་ཅིག  སྲིད་གཞུང་བར་གྱི་མཉམ་ལས་སྒྲིག་གཞི་སྦྲེལ་མཐུད་གཏིང་ཟབ་བྱེད་པ་བརྒྱུད།  ཞིང་ལས་དང་།  དངུལ་རྩ།  ཚན་རྩལ་གསར་གཏོད།  གྲངས་ཀའི་དཔལ་འབྱོར།  གློག་རྡུལ་ཚོང་དོན།   སྨན་བཅོས་འཕྲོད་བསྟེན།  ༥Gསོགས་ཁྱབ་ཁོངས་མཉམ་ལས་ཀྱི་འཕར་གནས་གསར་པ་སྐྱེད་སྲིང་བྱ་རྒྱུ་རེད།  ད་ལོ་ཀྲུང་ཨུའི་ཚན་རྩལ་གསར་སྐྲུན་ལོ་གཉེར་རྒྱུ་རེད།   ཕྱོགས་གཉིས་པོས་གོ་སྐབས་དེ་དང་བསྟུན་ནས་རང་ངོས་ཀྱི་བཟང་ཆ་འདོན་སྤེལ་དང་།  ཞིབ་བཟོའི་རྣམ་གྲངས་གསར་པ་གཏན་འཁེལ་བྱས་ཏེ།   ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་སྐྲུན་གྱི་གཅིག་མཐུན་མ་ལག་གཏོད་རྒྱུ་རེད་ཅེས་གསུངས་ཡོད།  
ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཁུ་ལི་ཁོ་ཝ་ཡིས།   ཨུ་ཀྲུང་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱིས་ཨུ་རུ་སུའི་གོང་འཕེལ་ལ་རོགས་རམ་བྱེད་ཐུབ།   ཨུ་རུ་སུ་དང་ཀྲུང་གོས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་དེ་རིམས་ནད་རྗེས་ཀྱི་ཕྱོགས་གཉིས་འབྲེལ་བ་མགྱོགས་མྱུར་ངང་རིམ་སྤོར་བྱེད་པའི་སྒུལ་ཤུགས་ལ་སྒྱུར་ཐུབ།  ང་ཚོས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་མཉམ་ལས་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

སྤྱི་ལོ་༢༠༢༠ལོའི་ཀྲུང་གོ་དང་ཨུ་རུ་སུའི་སྤྱི་ཚོགས་དམངས་འདོད་བརྟག་དཔྱད་སྙན་ཞུ་ལས་མངོན་པར། རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ་༢༠༢༠ལོའི་ཀྲུང་གོ་དང་ཨུ་རུ་སུའི་དམངས་འདོད་བརྟག་དཔྱད་སྙན་ཞུ་ལས་མངོན་པར། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ངང་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་བརྟན་པོ་ཡོད་པ་དང་།