ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱ་གར་དུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་50ལས་བརྒལ་བ།

2020-06-28 15:45:00     责编:sangjzm
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་27ཉིན། རྒྱ་གར་འཕྲོད་བསྟེན་སྡེ་ཚན་གྱི་གྲངས་གཞི་གསར་ཤོས་ལས་མངོན་གསལ། འདས་ཟིན་པའི་ཆུ་ཚོད་24ཡི་ནང་། རྒྱ་གར་དུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་18370གསར་འཕར་བྱུང་བ་དང་། ཚེ་འདས་ནད་དཔེ་383གསར་འཕར་བྱུང་ཡོད། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་8པའི་ཐོག་(པེ་ཅིང་གི་དུས་ཚོད་ཆུ་ཚོད་10དང་སྐར་མ་30ཡི་ཐོག) རྒྱ་གར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་508953ཟིན་པ་དང་། ཚེ་འདས་ནད་དཔེ་15685ཟིན་ཡོད། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་བའི་ནད་དཔེ་295881ཟིན་ཡོད་པ་རེད།  
   གྲངས་གཞི་ལས་མངོན་གསལ། རྒྱ་གར་ནི་མིག་སྔའི་བར་ཨེ་ཤེ་ཡ་ས་ཁུལ་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་མཁན་ཁ་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཡིན་ཞིང་། རིམས་ནད་ཐོན་ཚབས་ཆེ་ཤོས་ཀྱི་ས་ཁུལ་ནི་རྒྱལ་ས་རྡི་ལི་གསར་པ་དང་། དངུལ་རྩའི་ལྟེ་གནས་འབོམ་འབེལ་དང་དེ་བཞིན་དེ་གནས་སའི་མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེ། ཤར་ལྷོའི་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཅིན་ནའེ་དང་དེ་གནས་སའི་ཐའེ་མིར་ནཱ་ཏེ་མངའ་སྡེ་བཅས་རེད། ས་ཁུལ་འདི་གསུམ་དུ་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་30ལས་བརྒལ་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་སྤྱིའི་ནད་དཔེའི་ཁ་གྲངས་ཀྱི་60%ཡན་ཟིན་ཡོད་པ་རེད།  
    རྒྱ་གར་འཕྲོད་བསྟེན་པུའུ་ཡི་གྲངས་གཞིར་གཞིགས་ན། རྒྱ་གར་དུ་ནད་དཔེ་ཁྲི་10གསར་དུ་འཕར་ཐེངས་རེའི་དུས་ཡུན་ཇེ་ཐུང་དུ་འགྲོ་བཞིན་ཡོད་པ་དང་། ཁྲི་40ནས་ཁྲི་50བར་ཉིན་6ལས་འགོར་མེད། དེ་ནི་ཐེངས་དང་པོའི་ནད་དཔེ་ཁྲི་10ཟིན་པའི་ཉིན་109ལས་ཧ་ཅང་ཐུང་བ་ཡོད་པ་རེད།
    རྒྱ་གར་གྱི་ཙུང་ལི་མའོ་ཏི་ཡིས་ཚེས་26ཉིན། བརྙན་ལམ་བརྒྱུད་ནས་མང་ཚོགས་ལ་ཁ་རས་རྒྱག་པ་དང་སྤྱི་ཚོགས་འབྲེལ་བའི་བར་ཐག་བཞག་དགོས་པའི་འབོད་སྐུལ་བྱས་ཡོད་པ་སྟེ། “རིམས་ཁབ་མ་ཐོན་པའི་སྔོན་དུ། ཁ་རས་ནི་འགོག་སྨན་ཡིན”ཞེས་བཤད།
   ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་27ཉིན་ནས་ཟླ་7ཚེས་10ཉིན་བར། རྡི་ལི་གསར་པར་གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་ཆེ་བའི་དྭངས་ཁྲག་ནད་འགོག་ནུས་པའི་དཔེ་ལེན་བརྟག་དཔྱད་བྱ་རྒྱུ་རེད། རྒྱ་གར་འཕྲོད་བསྟེན་པུའུ་ཡི་གསལ་བསྒྲགས་ཤིག་ནང་།  གཞི་ཁྱོན་ཆེ་བའི་དྭངས་ཁྲག་ནད་འགོག་ནུས་པའི་་ཞིབ་དཔྱད་ཚད་ལེན་གྱིས་འབྲེལ་ཡོད་སྡེ་ཚན་གྱིས་ཏོག་གསར་རིམས་ནད་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ་དང་མ་འོངས་པར་རིམས་ནད་འགོག་པའི་ཡུན་རིང་འཐབ་ཇུས་བཟོ་བར་དཔྱད་གཞི་བྱེད་ཆོག་ཅེས་བཤད་ཡོད།
 

中央广播电视总台 央广网 版权所有

རྒྱ་གར་དུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་50ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་27ཉིན། རྒྱ་གར་འཕྲོད་བསྟེན་སྡེ་ཚན་གྱི་གྲངས་གཞི་གསར་ཤོས་ལས་མངོན་གསལ། འདས་ཟིན་པའི་ཆུ་ཚོད་24ཡི་ནང་། རྒྱ་གར་དུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་18370གསར་འཕར་བྱུང་བ་དང་། ཚེ་འདས་ནད་དཔེ་383གསར་འཕར་བྱུང