ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཐན་ཏེ་སའེ་ཡིས་བརྗོད་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད།

2020-06-28 15:40:00     责编:sangjzm
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་དེ་བཞིན་རོགས་ཟླ་གཞན་དག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཐན་ཏེ་སའེ་ཡིས་ཀྲུང་གོ་ཕྱོགས་ཀྱིས་གཙོ་སྐྱོང་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་པ་མཐོ་བའི་བརྙན་ལམ་ཚོགས་འདུར་ཞུགས་སྐབས། ཁོང་གིས། ཏོག་གསར་རིམས་ནད་ཁྱབ་རྒྱུ་ཁྱད་བསད་བྱེད་པ་དང་གོ་ལ་ཧྲིལ་པོའི་སླར་གསོར་རྒྱབ་སྐྱོར་བྱེད་པའི་འགག་རྩ་ནི་རྒྱལ་ཁབ་ངོས་དང་གོ་ལ་ཧྲིལ་པོའི་ངོས་ནས་མཐུན་སྒྲིལ་བྱེད་དགོས། ང་ཚོས་ཁ་ཕྲལ་གྱི་འཛམ་གླིང་ནང་རིམས་འགོག་ལ་གྲུབ་འབྲས་ཐོབ་ཐབས་བྲལ་ཡོད་ཅེས་བརྗོད་པ་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་རྒྱབ་སྐྱོར་བྱས་ནས་ཐོན་པའི་ནུས་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྔགས་བརྗོད་བྱས་ཡོད། དེའི་ནང་ཕྱི་ཕྱོགས་ལ་རོགས་སྐྱོར་དང་ལག་རྩལ་མཉམ་ལས་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་མང་པོར་སྨན་བཅོས་ཚོགས་པ་བཏང་བ། རྒྱལ་ཁབ་བརྒྱ་ཕྲག་ལ་དངོས་ཟོག་མཁོ་འདོན་བྱས་པ། ལག་རྩལ་མཉམ་ལས་བྱས་པ། ཀྲུང་གོའི་རྒྱལ་ནང་གི་རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་པ། རིམས་འགོག་སྨན་ཁབ་ཞིབ་བཟོ་ཐུབ་ནས་སྤྱོད་འགོ་ཚུགས་རྗེས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩི་རྒྱུ་ཁས་ལེན་བྱས་པ་སོགས་ཚུད་ཡོད།
     ཁོང་གིས། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད། ཀྲུང་གོས“བདེ་ཐང་གི་དར་གོས་ལམ་བུ”དང“གྲངས་འཛིན་གྱི་དར་གོས་ལམ་བུའི”གྲོས་འགོ་བཏོན་པ་དེ་ཐོག་ནས་གསར་གཏོད་མཉམ་ལས་རྣམ་པའི་ཐོག་ནས་ང་ཚོར་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་གསལ་སྟོན་བྱས་ཡོད། “བདེ་ཐང་གི་དར་གོས་ལམ་བུ”དེས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཏོག་གསར་རིམས་ནད་གཏན་འགོག་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། མི་རྣམས་ལ་འཕྲལ་མཁོ་ཆེ་བའི་འཕྲོད་བསྟེན་ཞབས་ཞུ་ཐོབ་རོགས་བྱེད་པ། རིམས་ནད་ཀྱིས་རྐྱེན་པས་གནོན་ཤུགས་དྲག་པོ་འཁུར་བཞིན་པའི་འཕྲོད་བསྟེན་ཁོངས་གཏོགས་སྲ་བརྟན་དུ་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བརྗོད་པ་རེད།
 

中央广播电视总台 央广网 版权所有

ཐན་ཏེ་སའེ་ཡིས་བརྗོད་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད།

ཉེ་ཆར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་དེ་བཞིན་རོགས་ཟླ་