ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རྣམ་གྲངས་ཀྱིས་ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2020-06-28 15:38:00     责编:sangjzm
ཝུའུ་པུན་ཀ་སྣོལ་ཟམ་ནི་ཐན་ཙན་ནི་ཡ་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་སྣོལ་ཟམ་རྣམ་གྲངས་དང་པོ་དེ་ཡིན་ཞིང་། དེ་གཙོ་བོ་བང་རིམ་གསུམ་ཡོད་པའི་སྣོལ་ཟམ་གཅིག་དང་ལེ་ལག་ཚང་བའི་ཟུར་འདྲེན་འགྲོ་ལམ་ལས་གྲུབ་པ་དང་། ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཨ་ཧྥེ་རི་ཁ་ཤར་མ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བ་ཞིག་རེད། རྣམ་གྲངས་དེ་2017ལོའི་ཟླ་3པར། རྩིག་རྨང་བཏིང་བ་དང་། མིག་སྔར་ཨར་ལས་ལེགས་གྲུབ་ཟིན་ཚད་80%ཙམ་ཟིན་ནས། སྔོན་དཔག་ལྟར་ན་འདི་ལོའི་ནང་ཚུན་དུ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
     ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་འགུལ་ནུས་གསར་པར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱི་མ་དངུལ་དང་། ལག་རྩལ། མི་སྣ་བཅས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད་པ་རེད།

中央广播电视总台 央广网 版权所有

ཀྲུང་གོའི་རྣམ་གྲངས་ཀྱིས་ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཝུའུ་པུན་ཀ་སྣོལ་ཟམ་ནི་ཐན་ཙན་ནི་ཡ་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་སྣོལ་ཟམ་རྣམ་གྲངས་དང་པོ་དེ་ཡིན་ཞིང་། དེ་གཙོ་བོ་བང་རིམ་གསུམ་ཡོད་པའི་སྣོལ་ཟམ་གཅིག་དང་ལེ་ལག་ཚང་བའི་ཟུར་འདྲེན་འགྲོ་ལམ་ལས་གྲུབ་པ་དང་། ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཨ་ཧྥེ་རི་ཁ་ཤར་མ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བ་ཞིག་རེད། རྣམ་གྲ