ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

“རྒྱ་ཡིག་སྦྱངས་ཏེ་འབྱུང་འགྱུར་དེ་བས་འགྲན་རྩོད་ནུས་པ་ལྡན་པར་བྱེད་པ”

2020-06-28 15:36:00     责编:sangjzm
— ཅེ་ཁེའི་སློབ་འབྲིང་སློབ་མས་ཕྱི་སྐད་སློབ་ཐོན་ཡིག་རྒྱུགས་ཀྱི་རིག་ཚན་ནང་རྒྱ་ཡིག་ཐེངས་དང་པོ་བདམས་པའི་སྐོར་བཀོད་པ།
 
     ཅེ་ཁེའི་མཐོ་རིམ་སློབ་འབྲིང་ཞིག་གི་སློབ་མ་ཉི་ཁོའུ་དང་ཁོང་གི་སློབ་གྲོགས་མའི་ལུའུ་ཡིས་ཉེ་ཆར་སློབ་གྲྭའི་སློབ་ཐོན་ཡིག་རྒྱུགས་ནང་ཞུགས་པ་དང་སློབ་གྲོགས་གཞན་དང་མི་འདྲ་བར་ཁོང་གཉིས་པོས་རྒྱ་ཡིག་དེ་ཕྱི་སྐད་ཡིག་རྒྱུགས་ཀྱི་རིག་ཚན་དུ་བདམས་པ་དེ་ནི་ཅེ་ཁེའི་སློབ་འབྲིང་སློབ་མས་རྒྱ་ཡིག་ཕྱི་སྐད་སློབ་ཐོན་ཡིག་རྒྱུགས་ཀྱི་རིག་ཚན་ནང་བདམས་ཐེངས་དང་པོ་དེ་རེད།
     ཉི་ཁོའུ་དང་མའི་ལུའུ་ཞེས་པ་ནི་ཁོང་གཉིས་པོའི་རྒྱ་ཡིག་གི་མིང་ཡིན་ཞིང་། ཁོང་གཉིས་པོས་ཅེ་ཁེའི་ཤར་རྒྱུད་གྲོང་རྡལ་ཆུང་ངུ་ཧེ་ལ་ཏེ་ཚེ-ཁེ་ལ་ལུའོ་ཝེའི་སྒེར་བཙུགས་སྐད་ཡིག་མཐོ་རིམ་སློབ་འབྲིང་དང་པོར་ལོ་བཞི་རིང་རྒྱ་ཡིག་སྦྱངས། སློབ་གྲྭ་དེས་བསྡུས་པའི་རྒྱ་ཡིག་དེ་སྦྱོང་དགོས་ངེས་ཀྱི་ཕྱི་སྐད་གཉིས་པར་བརྩིས་པའི་སློབ་མ་ཁག་དང་པོའི་ངོས་ནས་ཁོང་ཚོས་སློབ་ཐོན་ཡིག་རྒྱུགས་གཏོང་སྐབས་བློ་ཁོག་ཆེན་པོས་རྒྱ་ཡིག་དེ་རང་ཉིད་ཀྱི་ཕྱི་སྐད་སློབ་ཐོན་ཡིག་རྒྱུགས་ཀྱི་རིག་ཚན་ལ་བདམས་པ་རེད།
     “རྒྱ་ཡིག་དངོས་གནས་སྦྱོང་ཧ་ཅང་ཁག་པོ་འདུག འོན་ཀྱང་སྦྱོང་འདོད་ཆེན་པོ་འདུག”ཡིག་རྒྱུགས་ལོན་པའི་ཉི་ཁོའུ་ཡིས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་བཞིན་པའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
     དེ་ཉིན་གྱི་རྒྱ་ཡིག་ཁ་སྐད་ཡིག་རྒྱུགས་ཆ་ཤས་གཉིས་ལ་དབྱེ་བ་སྟེ། སྐབས་ཐོག་གི་ངོ་སྤྲོད་དང་པར་རིས་ལ་བལྟས་ནས་སྐད་ཆ་ཤོད་རྒྱུ་དེ་རེད།
     ཉི་ཁོའུ་ཡི་རྒྱུགས་གཞི་ནི“ངའི་འབྱུང་འགྱུར་གྱི་འཆར་གཞི”ཞེས་པ་དེ་ཡིན་ཞིང་། སྐར་མ་15གྲ་སྒྲིག་བྱས་རྗེས་ཁོང་གིས་རྒྱ་སྐད་ཐོག་ནས་རང་ཉིད་ཀྱི་འབྱུང་འགྱུར་སྐོར་གླེང་བ་དང་མ་གཞི་བདེ་པོ་དེ་ཙམ་མེད་མོད། འོན་ཀྱང་སྟབས་བདེ་ལ་གོ་སླ་བ་དང་བརྩེ་སེམས་ཀྱིས་ཕྱུག་པ་ཞིག་ཡོད། ཁོང་གིས་སླད་ཕྱིན་ཕྲུ་གུ་གཉིས་སྐྱེ་རྒྱུ་ཡིན་ལ་ཁྱིའང་གསོ་རྒྱུ་མ་ཟད། ད་དུང་བཟའ་བཏུང་གི་བདེ་འཇགས་ཐད་དོ་སྣང་བྱེད་སྲིད་ཅེས་བཤད་པ་དང་ཁོང་གིས་ད་དུང་སླད་ཕྱིན་ཀྲུང་གོར་ཟབ་སྦྱོང་བྱེད་པར་འགྲོ་སྲིད་ཅེས་བཤད།
     ཉི་ཁོའུ་ཡིས“ན་ནིང་ང་ཧྲང་ཧའེ་ལ་ཕྱིན་པ་ཡིན་ལ་དེ་ག་ཧ་ཅང་མཛེས་པོ་འདུག གྲོང་ཁྱེར་དེར་ཧ་ཅང་དགའ་པོ་བྱུང”ཞེས་བཤད་པ་མ་ཟད་ད་དུང་རང་ཉིད་ཀྱིས་ཕ་ལ་ཚེ་ཅིས་སློབ་ཆེན་གྱི་རྒྱ་ཡིག་ཆེད་ལས་རེ་ཞུ་བྱས་པ་ཡིན། ཕ་ལ་ཚེ་ཅིས་སློབ་ཆེན་དུ་ཁུང་ཙི་སློབ་གླིང་ཡོད་པས་རྒྱ་ཡིག་སྦྱོང་བའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་ཅེས་བཤད།
     པར་རིས་ལ་བལྟས་ནས་སྐད་ཆ་ཤོད་པའི་ལྷུ་ཚིགས་ནང་ཉི་ཁོའུ་ལ་མི་གཉིས་ཀྱིས་ཞབས་བྲོ་འཁྲབ་པའི་པར་རིས་ཤིག་རག་པ་དང་ཁོང་གིས་པར་རིས་ནང་གི་བུ་དེར“མ་མིང”ཞེས་པའི་ཀྲུང་གོའི་མིང་བཏགས་པ་དང་བུ་མོ་དེར“ཨན་ན”ཞེས་མིང་བཏགས་ཤིང་། “དེ་ནི་ཅེ་ཁེའི་བུ་མོ་ཞིག་རེད”ཅེས་རྒྱ་སྐད་ཐོག་ནས“ཁོང་གཉིས་པོས་སྤྲོ་སྣང་དོད་པའི་ངང་ཞབས་བྲོ་འཁྲབ་བཞིན་ཡོད”ཅེས་ངོ་སྤྲོད་བྱས།
     ཡིག་རྒྱུགས་མཇུག་འགྲིལ་རྗེས་དཔྱད་བསྡུར་ཨུ་ལྷན་གྱི་དགེ་རྒན་ཚོས་ཉི་ཁོའུ་དང་མའི་ལུའུ་གཉིས་ཀར“ཕུལ་བྱུང”གི་སྐར་མ་བརྒྱབ་པ་དང་དེ་ནི་ཅེ་ཁེར་སློབ་མས་རྒྱ་ཡིག་ཕྱི་སྐད་དུ་བདམས་ནས་སློབ་འབྲིང་སློབ་ཐོན་ཡིག་རྒྱུགས་གཏོང་ཐེངས་དང་པོ་དེ་རེད།
     ད་ཕན་ལོ་ཤས་རིང་ཀྲུང་གོ་དང་ཅེ་ཁེའི་རིག་གནས་དང་། སློབ་གསོ། དཔལ་འབྱོར་ཚོང་དོན་བཅས་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས་ས་གནས་དེར་རྒྱ་ཡིག་གི་ཤེས་ལྡན་པའི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད་ལ་ཡུལ་དེའི་མིས་རྒྱ་ཡིག་སྦྱོང་བའི་སྤྲོ་སེམས་ཀྱང་ཉིན་བཞིན་འཕེལ་བཞིན་ཡོད། ཉེ་ཆར་ཅེ་ཁེའི་ཁྲ་ལི་སློབ་ཆེན་དང་། ཕ་ལ་ཚེ་ཅིས་སློབ་ཆེན། མ་ས་ལི་ཁེ་སློབ་ཆེན་བཅས་སུ་རྒྱ་ཡིག་ཆེད་ལས་བཙུགས་པ་དང་ཕ་ལ་ཚེ་ཅིས་སློབ་ཆེན་དང་པུའུ་ལ་ཀེ་དངུལ་རྩའི་དོ་དམ་སློབ་ཆེན་དུ་ཁུང་ཙི་སློབ་གླིང་བཙུགས་ཡོད་པ་རེད།
 

中央广播电视总台 央广网 版权所有

“རྒྱ་ཡིག་སྦྱངས་ཏེ་འབྱུང་འགྱུར་དེ་བས་འགྲན་རྩོད་ནུས་པ་ལྡན་པར་བྱེད་པ”

ཅེ་ཁེའི་མཐོ་རིམ་སློབ་འབྲིང་ཞིག་གི་སློབ་མ་ཉི་ཁོའུ་དང་ཁོང་གི་སློབ་གྲོགས་མའི་ལུའུ་ཡིས་ཉེ་ཆར་སློབ་གྲྭའི་སློབ་ཐོན་ཡིག་རྒྱུགས་ནང་ཞུགས་པ་དང་སློབ་གྲོགས་གཞན་དང་མི་འདྲ་བར་ཁོང་གཉིས་པོས་རྒྱ་ཡིག་དེ་ཕྱི་སྐད་ཡིག་རྒྱུགས་ཀྱི་རིག་ཚན་དུ་བདམས་པ་དེ་ནི་ཅེ་ཁེའི་སློབ་འབྲིང་སློབ་མས་རྒྱ་ཡིག་ཕྱི་སྐད་སློབ་ཐོན་ཡིག་རྒྱུགས་ཀྱི་རིག་ཚན་ནང་བདམས་ཐེངས་དང་པོ་དེ་རེད།