ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་མང་པོའི་མི་སྣས་ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག་པའི་རྣམ་པ་བསྟན་པ།

2020-06-28 11:38:00     责编:sangjzm
རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་ནི་ཁྲིམས་མཐུན་ཡིན། ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག་པའི་རྣམ་པ་བསྟན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་ཁབ་མང་པོའི་མི་སྣས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་ཤང་ཀང་རང་སྐྱོང་ཁྲིམས་གཞི་ཞེས་པའི་འཇིགས་སྐུལ་བཀག་སྡོམ་ལ་གྲོས་འཆམ་བྱས་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ལས་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཅིག་རེད། ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག་པའི་རྣམ་པ་བསྟན་ཡོད།
ཨུ་རུ་སུའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་པའེ་ལི་ཡ་ཡེ་ཧྥུའུ་ཡིས། ཨ་རིས་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་བྱེད་པའི་དབྱུག་པ་ཆེན་པོ་དེ་སླར་ཡང་འཕྱར་བ་དང་། ཨ་རིས་དུས་དང་རྣམ་པ་ཀུན་ཏུ་གོ་སྐབས་བཙལ་ནས་ཀྲུང་གོར་བཙན་གནོན་བྱེད་ཀྱི་ཡོད། ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་རྒྱུ་མཚན་དུ་བྱས་ནས་ཀྲུང་གོར་བཀག་སྡོམ་བྱས་པ་དེ་ནི་ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཁོ་ན་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོར་བཀག་སྡོམ་བྱས་ཏེ་ཀྲུང་གོ་འདི་ཉིད་ཨ་རིའི་འགྲན་ཡར་མི་འགྱུར་བ་བྱ་ཆེད་རེད་ཅེས་བསྟན་ཡོད་པ་རེད།
དབྱིན་ཇིའི་གུང་ཁྲན་ཏང་གི་ཀྲུའུ་ཞི་གཞོན་པ་པུའུ་ལར་གྱིས། ཚད་གཞི་གཉིས་ནི་མིག་སྔའི་འགག་རྩའི་ཚིག་ཡིན། མི་ཁག་ཅིག་གིས་ཚད་གཞི་གཉིས་ཀྱི་ཐོག་ནས་ཤང་ཀང་དང་ལོན་ཏོན་ལ་ལྟ་སྟངས་འཛིན་པ་དང་། ཤང་ཀང་དང་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་ལ་བལྟ་སྟངས་འཛིན་གྱི་ཡོད། འོན་ཀྱང་ཁོ་པ་ཚོས་ངོ་ཚ་ཞེ་བྲལ་གཏན་ནས་བྱེད་ཀྱི་མི་འདུག ངས་བལྟས་ན་ཀྲུང་གོས་བཟུང་བའི་བྱ་ཐབས་ནི་དགོས་ངེས་དང་། ཡག་པོ། ཤང་ཀང་ལ་ཞི་བདེ་ཡོང་ཆེད་ཡིན་པས། ཁ་ཕྲལ་གཏོང་མཁན་གྱིས་དྲག་ཤུགས་དང་འཇིགས་སྐུལ་ལ་བརྟེན་ནས་ཤང་ཀང་གི་དཔལ་འབྱོར་གཏོར་བཤིག་གཏོང་བར་བཀག་འགོག་བྱེད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
རྒྱལ་ཁབ་མང་པོའི་མི་སྣས། ཀྲུང་གོས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་ཛ་དྲག་པའི་འཇིགས་སྣང་སེལ་བ་ནི་ལུགས་མཐུན་དང་ཁྲིམས་མཐུན་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་ཁང་གི་གྲོས་དཔོན་གཞོན་པ་ཚེ་ནུའོ་ལིས། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཞིགས་ནས་དགོས་ངེས་ཀྱི་བྱ་ཐབས་བཟུང་བ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས་མི་དམངས་རྣམས་ཞི་བདེའི་ཁོར་ཡུག་ནང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་སྲིད་གཞུང་གི་འགན་འཁྲི་དང་འོས་འགན་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།
ནེ་པ་ལའི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་པ་ཐེ་ལ་དབྱིས། རྒྱལ་ཁབ་གང་ཞིག་ཡིན་རུང་ཚང་མར་རང་རྒྱལ་ཁབ་ཀྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དབང་ཡོད། ཤང་ཀང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དབང་ཡང་ཀྲུང་གོའི་སྲིད་གཞུང་ཁོ་ནར་ཡོད། དེར་བརྟེན་ཀྲུང་གོའི་སྲིད་གཞུང་གིས་བདག་དབང་ལག་བསྟར་བྱས་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།
 

中央广播电视总台 央广网 版权所有

རྒྱལ་ཁབ་མང་པོའི་མི་སྣས་ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོག་པའི་རྣམ་པ་བསྟན་པ།

རྒྱལ་ཁབ་མང་པོའི་མི་སྣས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་ཤང་ཀང་རང་སྐྱོང་ཁྲིམས་གཞི་ཞེས་པའི་འཇིགས་སྐུལ་བཀག་སྡོམ་ལ་གྲོས་འཆམ་བྱས་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ལས་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཅིག་རེད། ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་ཞིག་གིས་ཐེ་ཇུས་བྱེད་མི་ཆོ