ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

གནོད་སེམས་འཆང་མཁན་ཨ་རིའི་སྲིད་ཚོང་པ་ཚོས་ངེས་པར་དུ་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས།

2020-06-28 11:34:00     责编:sangjzm
ཁུག་པ་ཆེན་པོའི་ཁུལ་གྱི་འཕྲིན་ལམ་གྱིས། འགོ་བརྗོད་དུ། གནོད་སེམས་འཆང་མཁན་ཨ་རིའི་སྲིད་ཚོང་པ་ཚོས་ངེས་པར་དུ་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་ཞེས་པའི་དཔྱད་གཏམ་སྤེལ་བ།
འདི་ག་རླུང་འཕྲིན་ལས་ཁུངས་ཀྱིས་ཁུག་པ་ཆེན་པོའི་ཁུལ་གྱི་འཕྲིན་ལམ་གྱི་དཔྱད་གཏམ་༼གནོད་སེམས་འཆང་མཁན་ཨ་རིའི་སྲིད་ཚོང་པ་ཚོས་ངེས་པར་དུ་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས༽ཞེས་པ་གཏོང་སྤེལ་བྱས་ཡོད།
དཔྱད་གཏམ་ནང་།  སྤྱི་ཚེས་26ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས“ཤང་ཀང་གི་རང་སྐྱོང་ཁྲིམས་གཞི”ཟེར་བ་དེར་གྲོས་འཆམ་བྱས་ནས། ཤང་ཀང་གི་དཔོན་རིགས་དང་དེ་བཞིན་དངུལ་རྩའི་ལས་ཁུངས་ཁག་གཅིག་ལ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་ནི་ཀྲུང་གོར་འཁྲུག་རྐྱེན་སློང་བ་སོགས་ཀྱི་ཇུས་ངན་ལ་བརྟེན་ནས་མི་རྣམས་ཀྱི་དོ་སྣང་བྱེད་ཡུལ་ཁ་ཕྱོགས་བསྒྱུར་བ་དང་། སྲིད་སྐྱོང་ནུས་མེད་ཀྱི་རྐྱེན་ལས་ཐོན་པའི་ཨ་རི་ནང་ཁུལ་གྱི་ཟང་ཟིང་དེ་འགེབས་ཐབས་བྱས་པ་ཞིག་རེད། ཨ་རིའི་སྲིད་ཚོང་པའི་ཐ་ཤལ་གྱི་བྱེད་ཐབས་དེ་ཚོ་ནི་སྨྱུག་སླེའི་ནང་དུ་ཆུ་བླུགས་པ་ལྟར་སྟོང་བསམ་དུ་འགྱུར་རྒྱུ་ལས་མ་འདས་ཞེས་བསྟན་པ་དང་། དཔྱད་གཏམ་ནང་ད་དུང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུན་པ་དང་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན། ཨ་རིའི་སྲིད་ཚོང་པ་ཚོས་ངན་སྐུལ་དཀྲུག་ཤིང་དང་དཀྲོག་གཏམ་བཟོས་ནས་དམའ་འབེབས་ཇི་ལྟར་བྱས་ཀྱང་ཚང་མ་ངལ་བ་འབྲས་མེད་རེད། མ་རུངས་ཁོག་བཅངས་ཀྱི་ཨ་རིའི་སྲིད་ཚོང་པ་རྣམས་དེ་ལས་རང་ཚོད་ཟིན་ན་དགའ་ཞེས་ནན་སྟོན་བྱས་ཡོད། 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།
 

中央广播电视总台 央广网 版权所有

གནོད་སེམས་འཆང་མཁན་ཨ་རིའི་སྲིད་ཚོང་པ་ཚོས་ངེས་པར་དུ་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས།

དཔྱད་གཏམ་ནང་། སྤྱི་ཚེས་26ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས“ཤང་ཀང་གི་རང་སྐྱོང་ཁྲིམས་གཞི”ཟེར་བ་དེར་གྲོས་འཆམ་བྱས་ནས། ཤང་ཀང་གི་དཔོན་རིགས་དང་དེ་བཞིན་དངུལ་རྩའི་ལས་ཁུངས་ཁག་གཅིག་ལ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་ནི་ཀྲུང་གོར་འཁྲུག་རྐྱེན་སློང་བ་སོགས་ཀྱི་ཇུས་ངན་ལ་བརྟེན་ནས་མི་རྣམས་ཀྱི་