ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཙུང་ཐུང་ཐེ་རོན་ཕུས་མ་དངུལ་གཞན་སྤྱོད་བྱས་ནས་མཐའ་མཚམས་གྱང་བསྐྲུན་པ་དེ་ཁྲིམས་འགལ་ཡིན་པའི་ཁྲུན་ཐག་བཅད་པ།

2020-06-28 11:31:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་6ཚེས་26ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས། ཐེ་རོན་ཕུའི་སྲིད་གཞུང་གིས་རྒྱལ་སྲུང་པུའི་མ་དངུལ་གཞན་སྤྱོད་བྱས་ནས་ཨ་རི་དང་མོ་ཞི་ཁོའི་བར་གྱི་མཐའ་མཚམས་གྱང་བསྐྲུན་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པའི་ཁྲུན་ཐག་བཅད་ཡོད། ཁྲུན་ཐག་བཅད་པའི་ནང་། ཐེ་རོན་ཕུས་རྒྱལ་སྲུང་དང་། དམག་དོན། དེ་མིན་གྱི་མ་དངུལ་སྒོར་དུང་ཕྱུར་བཅུ་གྲངས་དེ་དག་མཐའ་མཚམས་གྱང་འཛུགས་སྐྲུན་ལ་སྤྱོད་རྒྱུའི་དམིགས་འཛུགས་བྱས་མེད་པའི་མ་དངུལ་གཞན་སྤྱོད་བྱས་པ་དང་། བྱེད་སྟངས་དེ་ནི་ཨ་རིའི་རྩ་ཁྲིམས་ནང་གི་དངུལ་གཏོང་དོན་ཚན་ནས་བརྒལ་ཡོད་པས། དེར་བརྟེན་སྲིད་གཞུང་གི་མ་དངུལ་གཞན་སྤྱོད་བྱས་པ་དེ་ནི་ཁྲིམས་ལས་འགལ་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
སྤྱི་ལོ་2017ལོའི་ཟླ་1པོར། ཐེ་རོན་ཕུས་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་སུ་མཐའ་མཚམས་གྱང་བསྐྲུན་འགོ་ཚུགས་ཡོད་པ་དང་། ཁྲིམས་འགལ་གནས་སྤོས་ཡུལ་མི་ཨ་རིར་ཡོང་རྒྱུར་ཚད་བཀག་བཟོ་ཆེད་རེད། ཙུང་ཐུང་གི་འགན་འཁུར་བ་ནས་བཟུང་། ཐེ་རོན་ཕུར་སྔར་བཞིན་ཁྲིམས་ལུགས་ཀྱི་འགྲན་རྩོད་རབ་དང་རིམ་པ་འཕྲད་ཡོད་པ་དང་། དེའི་ནང་མཐའ་མཚམས་གྱང་བསྐྲུན་རྒྱུ་དང་། དེ་བཞིན་སྲིད་གཞུང་གི་རྩིས་ཁྲ་གཞན་དག་ཁྲོད་དམིགས་བསལ་གྱི་མ་དངུལ་ལེན་ཐབས་བྱས་ནས་གྱང་བསྐྲུན་པ་ཚུད་ཡོད། ཐེ་རོན་ཕུའི་སྲིད་གཞུང་གིས་ད་ལོའི་ལོ་མཇུག་ཏུ་སྤྱི་ལེ་724ཙམ་ཟིན་པའི་དམིགས་འབེན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཟོས་ཡོད། ཡིན་ནའང་མིག་སྔའི་སྤྱི་ལེ་322ཙམ་ནང་གསར་འཛུགས་བྱེད་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་། མང་ཆེ་བ་ནི་དེ་སྔའི་ར་སྐོར་བརྟན་དུ་བཏང་བ་ཙམ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཙུང་ཐུང་ཐེ་རོན་ཕུས་མ་དངུལ་གཞན་སྤྱོད་བྱས་ནས་མཐའ་མཚམས་གྱང་བསྐྲུན་པ་དེ་ཁྲིམས་འགལ་ཡིན་པའི་ཁྲུན་ཐག་བཅད་པ།

ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་6ཚེས་26ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས། ཐེ་རོན་ཕུའི་སྲིད་གཞུང་གིས་རྒྱལ་སྲུང་པུའི་མ་དངུལ་གཞན་སྤྱོད་བྱས་ནས་ཨ་རི་དང་མོ་ཞི་ཁོའི་བར་གྱི་མཐའ་མཚམས་གྱང་བསྐྲུན་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པའི་ཁྲུན་ཐག་བཅད་ཡོད། ཁྲུན་ཐག་བཅད་པའི་ནང་། ཐེ་རོན་ཕུས་རྒྱལ་སྲུང་དང་།