ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས། གལ་ཏེ་ཨ་རིས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་འདོད་མེད་ན། ཡོ་རབ་ཀྱིས་ཡོ་རབ་དང་ཨ་རིའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་བསྟན་པ།

2020-06-28 11:30:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན་འཇར་མན་གྱི་ལྷོ་ཏེ་དབྱི་ཀྲེ་ཚགས་པར་ཞེས་པའི་ཐོག   འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས། གལ་ཏེ་ཨ་རིས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་འདོད་མེད་ན། ཡོ་རབ་ཀྱིས་ཡོ་རབ་དང་ཨ་རིའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཨ་རིས་འཇར་མན་དུ་བཅའ་སྡོད་བྱེད་པའི་ཨ་རིའི་དམག་མི་ཉུང་འཕྲི་བྱེད་རྩིས་བྱེད་པའི་བྱ་དོན་ཐད་མོ་ཁེར་གྱིས་ཚགས་པར་དེའི་བཅར་འདྲི་དང་ལེན་གནང་སྐབས་གོང་གསལ་གྱི་བཀའ་མོལ་དེ་དག་གསུངས་ཡོད། འདི་ཟླའི་སྤྱི་ཚེས་15ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་འཇར་མན་དུ་བཅའ་སྡོད་བྱེད་པའི་ཨ་རིའི་དམག་མི་ཉུང་འཕྲི་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། འཇར་མན་གྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་དམག་དོན་འགྲོ་གྲོན་འགན་བགོས་བྱེད་པའི་ཁྲོད་ལེགས་སྐྱེས་འབུལ་ཚད་དེ་ཙམ་མེད་པར་སྐྱོན་འཛུགས་བྱས་ཡོད། ཐག་གཅོད་དེར་འཇར་མན་སྲིད་དོན་ལས་རིགས་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད། དེའི་རིང་དབྱེ་ཞིབ་མི་སྣ་མི་ཉུང་བ་ཞིག་གིས། དེ་ནི་ཨ་རི་དང་འཇར་མན་སོགས་སྲོལ་རྒྱུན་ཡོ་རབ་གླིང་མནའ་གྲོགས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་བརྡ་འཕྲིན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།
 

中央广播电视总台 央广网 版权所有

འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས། གལ་ཏེ་ཨ་རིས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་འདོད་མེད་ན། ཡོ་རབ་ཀྱིས་ཡོ་རབ་དང་ཨ་རིའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་བསྟན་པ།

སྤྱི་ཚེས་27ཉིན་འཇར་མན་གྱི་ལྷོ་ཏེ་དབྱི་ཀྲེ་ཚགས་པར་ཞེས་པའི་ཐོག འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས། གལ་ཏེ་ཨ་རིས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་འདོད་མེད་ན། ཡོ་རབ་ཀྱིས་ཡོ་རབ་དང་ཨ་རིའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་དཔོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཨ་རིས་འཇར་མན་དུ་བཅའ་སྡོད་བྱེད་པའི་ཨ་རིའི་དམག་མི་