ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་རྒྱལ་སྤྱིའི་འབྲེལ་བའི་སྒྲོམ་གཞི་གསར་པ་འཛུགས་རྒྱུར་ཕན་པ་ཡོད།

2020-06-24 17:15:00     责编:sangjzm
—— ཨེ་ཅིབ་ཀྱི་ཁེ་རོ་སློབ་ཆེན་གྱི་དཔལ་འབྱོར་དང་དངུལ་རྩའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེ་མོ་བ་ཅཱ་པ་ལར་བཅར་འདྲི་བྱས་པ།
     “གཉིས་ཕན་གྱི་རོགས་ཟླའི་འབྲེལ་བའི་རྨང་གཞིའི་ཐོག་ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་རྒྱལ་ཁབ་དབར་འགྲོ་འོང་ཐད་སྔར་བས་འདྲ་མཉམ་གྱི་དཔེ་དབྱིབས་ཤིག་བཏོན་པས། རྒྱལ་སྤྱིའི་འབྲེལ་བའི་སྒྲོམ་གཞི་གསར་པ་འཛུགས་རྒྱུར་ཕན་པ་ཡོད”ཅེས་ཨེ་ཅིབ་ཀྱི་ཁེ་རོ་སློབ་ཆེན་གྱི་དཔལ་འབྱོར་དང་དངུལ་རྩའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེ་མོ་བ་ཝ་ལི་ཏེ·ཅཱ་པ་ལ་ཡིས་ཉིན་ཤས་གོང་ཁེ་རོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཁ་པར་ཐོག་ནས་བཅར་འདྲི་བྱེད་སྐབས་དེ་ལྟར་བཤད།
     ཅཱ་པ་ལ་ཡིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་ཡིན་པའི་ཀྲུང་གོས་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་ཐད་འཕྲད་པའི་འགྲན་སློང་ལ་རྒྱུས་མངའ་ཟབ་མོ་ཡོད་པས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་རྒྱ་ཆེར་བཏང་སྟེ། མཉམ་ལས་རོགས་ཟླ་དང་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱ་འདོད་ཡོད། གཞན་ཡང་ད་དུང་ཀྲུང་གོས་བྱ་ཐབས་མང་པོ་བཏོན་ཏེ། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་ཡོད་ཅེས་བཤད།
     ཁོང་གིས་ཨེ་ཅིབ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བརྡ་ལན་ཞུ་མཁན་རྒྱལ་ཁབ་དང་པོའི་གྲས་ཤིག་ཡིན། མིག་སྔར་རྒྱལ་ཁབ་གཉིས་པོས་གྲོས་འགོ་དེའི་སྒྲོམ་གཞིའི་འོག ཐའེ་ཏ་བཟོ་ལས་གླིང་དང་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་སོགས་རྣམ་གྲངས་ཆེ་གྲས་མང་པོ་ལག་ལེན་བསྟར་བ་ནི་གཉིས་ཕན་རོགས་ཟླའི་འབྲེལ་བའི་དཔེ་མཚོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།
     ཁོང་གིས“‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་་བརྟེན་ནས་ཀྲུང་གོས་ཕྱོགས་མང་རིང་ལུགས་དང་འཛམ་གླིང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད”“རྒྱུད་གཅིག་ལམ་གཅིག”དེ་དཔལ་འབྱོར་ཚོང་དོན་གྱི་གྲོས་འགོ་དང་འབྲེལ་བ་ཡོད་པ་ཙམ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་ཀྲུང་གོའི་གྲུབ་འབྲས་གོ་ལ་ཧྲིལ་པོས་མཐོང་བར་བརྟེན། སྤྱི་པའི་འཕྲོད་བསྟེན་ཡང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་དུ་འགྱུར་རྒྱུ་རེད་ཅེས་བཤད།
     ཅཱ་པ་ལ་ཡིས་རིམས་ནད་འཇགས་རྗེས། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བར་སྔར་བས་ཤུགས་སྣོན་ཐེབས་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཀྲུང་གོའི་གྲངས་གཞི་ཆེ་མོའི་ལག་རྩལ་དང་ལྷག་པར་དུ་རིམས་ནད་ཐོན་རིང་ཀྲུང་གོས་བཏོན་པའི“བདེ་ཐང་ཨང་རྟགས”ལ་བརྟེན་ཏེ། དམངས་ཚོགས་ཀྱི་ཉེ་དུས་ཀྱི་འགྲོ་སྐྱོད་ལམ་ཐིག་མགྱོགས་མྱུར་ཤེས་རྟོགས་བྱེད་ཆོག་པ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཕན་ཐོགས་ཆེན་པོ་ཡོད་པའི་ཉམས་མྱོང་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
     “‘རྒྱུད་གཅིག་ལམ་གཅིག’རྒྱུད་ཀྱི་རྣམ་གྲངས་འགའ་རིམས་ནད་ཀྱིས་རྐྱེན་པས་གནས་སྐབས་མཚམས་འཇོག་བྱས་མོད། འོན་ཀྱང་རིམས་ནད་འཇགས་རྗེས། རྣམ་གྲངས་དེ་དག་སླར་ཡང་འཕྲལ་མར་ལས་འགོ་འཛུགས་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་དང‘རྒྱུད་གཅིག་ལམ་གཅིག’རྒྱུད་ཀྱི་རྒྱལ་ཁབ་ཀྱིས་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་གཏོད་རྒྱུ་རེད”ཅེས་ཅཱ་པ་ལ་ཡིས་བཤད།
 
 

中央广播电视总台 央广网 版权所有

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་རྒྱལ་སྤྱིའི་འབྲེལ་བའི་སྒྲོམ་གཞི་གསར་པ་འཛུགས་རྒྱུར་ཕན་པ་ཡོད།

“གཉིས་ཕན་གྱི་རོགས་ཟླའི་འབྲེལ་བའི་རྨང་གཞིའི་ཐོག་ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་རྒྱལ་ཁབ་དབར་འགྲོ་འོང་ཐད་སྔར་བས་འདྲ་མཉམ་གྱི་དཔེ་དབྱིབས་ཤིག་བཏོན་པས། རྒྱལ་སྤྱིའི་འབྲེལ་བའི་སྒྲོམ་གཞི་གསར་པ་འཛུགས་རྒྱུར་ཕན་པ་ཡོད”ཅེས་ཨེ་ཅིབ་ཀྱི་ཁེ་རོ་སློབ་ཆེན་གྱི་དཔལ་འབྱོར་དང་