ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

“ཀྲུང་གོའི་ཕྱེད་གླིང”དུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་ཐོག་མ་འབྱོར་བ།

2020-06-24 17:10:00     责编:sangjzm
     ཁོང་ཀོ(ཁེན)རུ་སྐྱོད་མཁན་ཁག་23པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་ཧྲང་ཝེ་དམག་དཔོན་ཆུ་མཁོ་སྤྲོད་ལག་རྩལ་ཆེ་མོ་བ་དབྱང་ཞའོ་ལི་ཡིས་སྐས་རིམ་རུ་ཁག་དང་པོའི་རྗེས་སུ་ཆུ་ཚོད་18ཀྱི་མཁའ་ཐོག་འཕུར་སྐྱོད་དང་ཆུ་ཚོད་5ཡི་ས་ངོས་འཕྲལ་སྒྲུབ་བྱས་པ་བརྒྱུད་ཁོང་ཀོ(ཁེན)ཡི་ཤར་ཕྱོགས་སུ་གནས་པའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་ཁུལ་དུ་གཞན་གྱི་སྔོན་ལ་འབྱོར་བ་རེད།
     ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་2003ལོར་ཁོང་ཀོ(ཁེན)ཡི་པུའུ་ཁཱ་ཝུའུ་ས་ཁུལ་དུ་བཀོད་སྒྲིག་བྱས་ཚུན། ཞི་བདེ་སྲུང་སྐྱོང་གི་དཔོན་དམག་ཁག་རེ་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ལ་བརྩི་སྲུང་ནན་པོ་དང་རང་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པས་ཚང་མར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་གི་གཟེངས་རྟགས་ཐོབ་ཡོད། ཀྲུང་གོའི་བཟོ་སྐྲུན་དམག་གི་སྒར་སར་ཁག་ཐེངས་མང་པོའི་དཔོན་དམག་གིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ས་གནས་དེ་གའི་ས་གཤིས་མཚོན་རྟགས་ཤིག་ཏུ་བསྐྲུན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོགས་དམག་ཚོ་དང་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས“ཀྲུང་གོའི་ཕྱེད་གླིང”ཞེས་འབོད་ཀྱི་ཡོད།
     ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་ཁུལ་དཀའ་ཚེགས་ཆེ་བས་འདས་ཟིན་པའི་ལོ་ཟླའི་ནང“ཀྲུང་གོའི་ཕྱེད་གླིང”དེ་སྐྱེས་པའི་འཛམ་གླིང་ལྟ་བུར་གྱུར་ནས་ད་བར་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་གཅིག་ཀྱང་སླེབས་མྱོང་མེད། བཟོ་སྐྲུན་དམག་ཡན་ལག་རུ་ཁག་23པ་སྒྲིག་འཛུགས་བྱེད་སྐབས་ཁྲེང་ཏུའུ་རུ་བཅའ་སྡོད་མཁན་དབྱང་ཞའོ་ལི་ཡིས་འཕྲལ་དུ་མིང་ཐོ་བཀོད་པ་རེད།
     དབྱང་ཞའོ་ལི་ཡིས་འདེམས་སྒྲུག་དཔྱད་ཞིབ་ཚོགས་ཆུང་ལ“ངས་བལྟས་ན་དམག་མི་ཞིག་གི་མི་ཚེའི་ནང་ཞི་བདེ་སྲུང་སྐྱོང་གི་ཉམས་མྱོང་ཐེངས་གཅིག་ལྡན་དགོས་པ་དེར་ཕོ་མོའི་དབྱེ་བ་མེད”ཅེས་བརྗོད། ཁོང་གིས་མཛེས་བཟོ་གཏན་ནས་བྱེད་ཀྱི་མེད་ལ་ཆུ་ལའང་གྲོན་ཆུང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།
     སྐབས་དེའི་ཁོང་ཀོ(ཁེན)རུ་ཨའེ་པོ་ལ་ནད་དུག་ད་དུང་རྦད་དེ་ཚོད་འཛིན་ནུས་ལྡན་ཐུབ་མེད་ཅིང་། ཟླ་9པའི་ཟླ་སྟོད་བར་རྒྱལ་ཁབ་དེས་ཨའེ་པོ་ལའི་ནད་དུག་འགོས་པའི་ནད་དཔེ་3000ལྷག་ཙམ་སྙན་སེང་ཞུས་པ་དེའི་ནང་གྲོངས་པའི་ནད་དཔེ་2000ལྷག་ཙམ་ཟིན་ཡོད།
     དམག་འཁྲུག་དང་རིམས་ནད་ཐོན་ཡང་ཀྲུང་གོའི་བུད་མེད་དམག་ཕྱིར་ལོག་བྱས་མེད། ལེ་དབར་ཁྲི་ཡི་སར། ཀྲུང་ཝེ་དམག་དཔོན་དང་སྐད་སྒྱུར་བ་ཞིག་ཡིན་པའི་ཚའོ་ལི་ཡིས་སྐས་རིམ་རུ་ཁག་གཉིས་པའི་རྗེས་སུ་མཁའ་དམག་སྐྱེལ་འདྲེན་གནམ་གྲུ་བསྡད་དེ“ཀྲུང་གོའི་ཕྱེད་གླིང”དུ་སྐྱོད་བཞིན་མཆིས། ཁོང་ནི“ལོ་རབས་90ནང་སྐྱེས”ཀྱི་བུད་མེད་དམག་དཔོན་ཞིག་རེད་ལ་ཁོང་ཀོ(ཁེན)རུ་སྐྱོད་མཁན་ཁག་23པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་ཡན་ལག་རུ་ཁག་གི་ཁོངས་མི་ཞིག་ཀྱང་རེད།
     ཁྲུང་ཆིང་སློབ་ཆེན་དབྱིན་ཡིག་ཆེད་ལས་ཐོན་པའི་ཚའོ་ལི་ནི་དབྱང་ཞའོ་ལི་དང་འདྲ་བར་རྒྱལ་ནང་དུ་འདེམས་སྒྲུག་དང་མ་སྐྱོད་གོང་སྦྱོང་བརྡར་ནན་པོ་བྱས་པ་བརྒྱུད་ཟུངས་ནུས་དང་། འཐབ་རྩལ། ཆེད་ལས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདེམས་སྒྲུག་ཆ་རྐྱེན་དང་མཐུན་ཡོད།
     བུད་མེད་དམག་དཔོན་གཉིས་པོས“ཀྲུང་གོའི་ཕྱེད་གླིང”གི་དོས་སྒམ་སྟབས་བདེའི་ཁང་པའི་ནང་མཉམ་དུ་བསྡད་དེ་ལོ་གཅིག་རིང་གི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཐུན་མོང་ཐོག་ལེགས་སྒྲུབ་བྱ་རྒྱུ་རེད། དཀའ་ངལ་སྐོར་ལ་ཚའོ་ལི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་འཕྲད་སྲིད་མོད། འོན་ཀྱང་ཁྱད་བསད་བྱེད་མི་ཐུབ་པ་ཅི་ཡང་མེད”ཅེས་བརྗོད།
     ཀྲུང་གོ་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་ནས་ལོ་29སོང་རིང་། དམག་དོན་ཞི་བདེ་སྲུང་སྐྱོང་བྱེད་མཁན་མི་ཐེངས་ཁྲི་4ལྷག་ཙམ་མངགས་པ་དེའི་ནང་བུད་མེད་ཞི་བདེ་སྲུང་སྐྱོང་བ་ཆིག་སྟོང་ཙམ་ཟིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་ཁུར་མཁན་མང་པོས་བུད་མེད་དེ་བས་མང་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་སུ་བཅུག་ནས་ཕོ་མོ་འདྲ་མཉམ་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། གྲོས་འགོ་དེར་ཀྲུང་གོས་དང་ལེན་ཧུར་ཐག་ཞུས་པ་དང་འབྲེལ་བུད་མེད་ཞི་བདེ་སྲུང་སྐྱོང་བའི་ལས་གནས་ཀྱང་སྔོན་ཆད་ཀྱི་ཕྱོགས་རྐྱང་པའི་སྨན་བཅོས་ནས་ད་ཆའི་དམག་འཐབ་དང་རོགས་སྐྱོར་སོགས་ཀྱི་ལས་གནས་བར་རྒྱ་སྐྱེད་བཏང་ཡོད།
 

中央广播电视总台 央广网 版权所有

“ཀྲུང་གོའི་ཕྱེད་གླིང”དུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་ཐོག་མ་འབྱོར་བ།

ཁོང་ཀོ(ཁེན)རུ་སྐྱོད་མཁན་ཁག་23པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་ཧྲང་ཝེ་དམག་དཔོན་ཆུ་མཁོ་སྤྲོད་ལག་རྩལ་ཆེ་མོ་བ་དབྱང་ཞའོ་ལི་ཡིས་སྐས་རིམ་རུ་ཁག་དང་པོའི་རྗེས་སུ་ཆུ་ཚོད་18ཀྱི་མཁའ་ཐོག་འཕུར་སྐྱོད་དང་ཆུ་ཚོད་5ཡི་ས་ངོས་འཕྲལ་སྒྲུབ་བྱས་པ་བརྒྱུད་ཁོང་ཀོ(ཁེན)ཡི་ཤར་ཕྱོག