ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་མནའ་འབྲེལ་མི་སྒྲིག་པའི་ལས་འགུལ་དང་ཀྲུང་གོས་མཉམ་དུ་བཏོན་པའི་གོང་འཕེལ་དབང་ཆའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།

2019-09-29 09:52:00     来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     责编:nake

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་༤༢པས་སྤྱི་ཚེས་༢༧ཉིན་འཕེན་ཤོག་ཆེས་མང་བའི་ཐོག་ནས་མནའ་འབྲེལ་མི་སྒྲིག་པའི་ལས་འགུལ་དང་ཀྲུང་གོས་མཉམ་དུ་བཏོན་པའི་གོང་འཕེལ་དབང་ཆའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ཀྱིས། གོང་འཕེལ་དབང་ཆ་ནི་སྤྱིར་བཏང་དང་བཙན་འཕྲོག་བྱེད་མི་ཆོག་པའི་དབང་ཆ་ཞིག་ཡིན་པ་དང་། ༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་མངོན་གྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དབུལ་ཕོངས་མེད་པ་བཟོ་རྒྱུ་ནི་གོང་འཕེལ་དབང་ཆར་སྐུལ་འདེད་དང་དེ་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩ་ཡིན་པ་དང་། རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བའི་དགོས་ངེས་ཆ་རྐྱེན་ཡིན་པ་བསྐྱར་བཤད་བྱས་ཡོད།

ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有