ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་དཔུང་སྡེས་ལེ་པ་ནོན་དུ་ཉེན་ཁ་ཆེ་ཤོས་ཀྱི་འབར་མདེལ་མེད་པ་བཟོ་བའི་ལས་འགན་འཁུར་བར་བསྔགས་བརྗོད་བྱས་པ།

2019-09-27 17:48:00     来源:     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་ཅ་དབྱི·མེ་ནུང་གིས་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་སར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཉེན་ཁ་ཆེ་ཤོས་ཀྱི་འབར་མདེལ་མེད་པ་བཟོ་བའི་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་པ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་བཤད།

མེ་ནུང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་ཚད་མཐོའི་བསྔགས་བརྗོད་བྱེད་ཅིང་། ཁོང་གིས“ཁྱེད་ཚོས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་ཉེན་ཁ་ཆེ་ཤོས་ཀྱི་འབར་མདེལ་མེད་པ་བཟོ་བའི་ལས་འགན་འཁུར་ནས་དུས་ཚོད་སྐར་ཆ་ཙམ་ཡང་ཉེན་ཁར་གདོང་གཏུག་བྱེད་དགོས་ཀྱི་ཡོད། འོན་ཀྱང་ཁྱེད་ཚོས་ལས་འགན་གཟེངས་སུ་ཐོན་པ་ལེགས་སྒྲུབ་བྱས་པས། ཁྱེད་ཚོ་ནི་འཛམ་གླིང་ཞི་བདེ་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་རེད”ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ལོ་13རིང་རིམ་རྩིས་བྱས་ན་འབར་མདེལ་ཁུལ་དང་འབར་རྫས་དངོས་པོ་ཐོར་ཁུལ་སྨི་ངོས་གྲུ་ཁྲི་199.1ཙམ་གཙང་སེལ་བྱས་པ་དང་། ས་འོག་འབར་མདེལ་དང་དེ་བཞིན་འབར་གས་མ་བྱས་པའི་འབར་མདེལ་12087མེད་པ་བཟོས་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有