ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏ་ཝེན་གྲོང་ཚོའི་འཕོ་འགྱུར་ཆེན་པོ།

2021-02-23 15:47:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨན་ཧུའེ་ཅིན་ཀྲའེ་རྫོང་ཏ་ཝེན་གྲོང་ཚོ་ནི་ཏ་པེ་ཧྲན་རི་བོའི་གསར་བརྗེའི་ཁུལ་རྙིང་པར་ཆགས་ཡོད། སྤྱི་ལོ་2016ལོའི་ཟླ་4པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་དེར་རྟོག་ཞིབ་གནང་སྐབས། ཏ་ཝེན་གྲོང་ཚོ་སྔར་བཞིན་དབུལ་ཕོངས་ཀྱི་གྲོང་ཚོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོར། ཁུལ་རྙིང་པའི་དཔལ་འབྱོར་གོང་འཕེལ་བཏང་ནས། ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་འགྱུར་བ་བྱ་དགོས་པའི་བཀའ་སློབ་གནང་ཡོད། ལོ་ལྔ་འདས་པའི་རྗེས། ཏ་ཝེན་གྲོང་ཚོའི་རྣམ་པར་འགྱུར་བ་ཆེན་པོ་བྱུང་ཞིང་། དབུལ་ཕོངས་ཀྱི་ཞྭ་མོ་འབུད་ཐུབ་ལ། འབྱོར་འབྲིང་གི་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གཤམ་ལ་ང་ཚོ་མཉམ་དུ་ཏ་ཝེན་གྲོང་ཚོའི་བདེ་སྐྱིད་འཚོ་བར་རྒྱུས་མངའ་ཞིག་གནང་དོ།

གསར་འགོད་པ་ཏ་ཝེན་གྲོང་ཚོར་སླེབས་དུས། གྲོང་ཚོའི་སྒྱུ་རྩལ་ཚོགས་པས་གཞས་ཞབས་བྲོ་ནང་སྦྱོང་བྱས་ནས། བརྙན་མཐོང་ཕབ་བཟོ་བྱས་ཏེ་རིམས་ནད་རྐྱེན་པས་ཕ་ཡུལ་དུ་ལོག་མ་ཐུབ་པའི་ཡུལ་མི་སྤུན་མཆེད་རྣམས་ལ་བསྐུར་རྩིས་འདུག ཏ་ཝེན་གྲོང་ཚོའི་གྲོང་མི་ཀེ་ཅིང་གིས། འདས་པའི་ལོ་ལྔའི་གོང་དུ་ཏ་ཝེན་གྲོང་ཚོར་ཆེས་དབུལ་ཕོངས་ས་ཆའི་ཁྱད་ཆོས་ཆ་ཚང་ཚང་ཡོད་པ་སྟེ། ཁོར་ཡུག་ཞན་པ་དང་། ཆ་རྐྱེན་སྐྱོ་བ། དབུལ་ཕོངས་ཐོན་ཚད་མཐོ་བ་ཞིག་རེད་ཅེས་བཤད་ཡོད།

སྤྱི་ལོ་2016ལོའི་ཟླ་4པའི་ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏ་ཝེན་གྲོང་ཚོར་ཕེབས་སྐབས། གྲོང་མི་ཁྲེན་ཙེ་ཕིང་གི་ཁྱིམ་དུ་ཕེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལས་གཉེར་བྱེད་པའི་གནས་ཚུལ་དང་། མ་གནས་དང་ཕན་འབྲས་སོགས་ཀྱི་སྐོར་བཀའ་འདྲི་གནང་བ་དང་། ཚང་མ་དང་མཉམ་དུ་དབུལ་སྒྲོལ་ སྐོར་ལ་ཅི་འཕྲོས་མོལ་འཕྲོས་གནང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོ་ངེས་ཏེ། ཏ་ཝན་གྲོང་ཚོས་དང་ཐོག་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ཚད་གཞི་ལྟར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པ་དང་། བདེ་སྡོད་བཀོད་སྒྲིག་ཁུལ་བཞི་འཆར་འགོད་འཛུགས་སྐྲུན་བྱས་པ། དབུལ་ཕོངས་མང་ཚོགས་ཀྱི་ཐེམ་དུད་129ཡི་མི་གྲངས་439བཀོད་སྒྲིག་བཅས་བྱས་པས་མང་ཚོགས་སྡོད་ཁང་གི་བདེ་འཇགས་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཡོད།

ལོ་དེ་དག་རིང་། ཏ་ཝན་གྲོང་ཚོས་དབུལ་ཕོངས་ཐེམ་དུད་ལ་རོགས་སྐྱོར་བྱ་ཆེད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་ཅིག་གསར་སྣོན་བྱས་ཡོད། དེའི་ནང་འབྱུང་ཁམས་ནགས་སྲུང་བ་དང་། གྲོང་གསེབ་ཀྱི་གཙང་སྦྲ་བ། གཞུང་ལམ་བདག་སྐྱོང་བ། སྐོར་གཡེང་བདེ་འཇགས་པ། འོད་ཧྥུའི་གློག་འདོན་སྲུང་སྐྱོབ་པ་སོགས་ཚུད་ཡོད། གྲོང་མི་ཁྲེན་ཙེ་ཕིང་ནི་འབྱུང་ཁམས་ནགས་སྲུང་བ་ཞིག་ཡིན་པ་དང་། ལོ་ལྟར་ལས་གནས་གླ་ཆ་སྒོར་7800ལེན་རྒྱུ་ཡོད་པ་རེད།

དེང་གི་ཏ་ཝན་གྲོང་ཚོས་ཁུལ་རྙིང་པའི་རྩ་ཆེའི་ཐོན་ཁུངས་བེད་སྤྱོད་ཀྱིས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་བས། རྒྱལ་ཁབ་ཀྱི་ཀ་པ་རིམ་པ་གསུམ་པའི་ལྗོངས་ཁུལ་དུ་བདམས་ཐོན་བྱུང་བ་དང་། ལོ་རེའི་འགྲུལ་པ་སྣེ་ལེན་བྱེད་ཚད་མི་ཐེངས་ཆིག་འབུམ་ཡན་ཟིན་གྱི་ཡོད་པ་རེད།

གྲོང་ཚོའི་གསར་བརྗེའི་ཡུལ་སྐོར་གྱི་འཕེལ་རྒྱས་གོམ་འགྲོས་དང་བསྟུན་ཆེད། གྲོང་མི་ཝང་ད་ཧའེ་ཡིས་རང་ཉིད་ཀྱི་ཤེས་རྒྱ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གསར་བརྗེའི་ལོ་རྒྱུས་གཏམ་རྒྱུད་སློབ་སྦྱོང་བྱེད་བཞིན་ཡོད། ལས་བྱེད་མང་ཚོགས་ཀྱི་འབད་འཐབ་བརྒྱུད་ཏ་ཝན་གྲོང་ཚོ་སྤྱི་ལོ་2018ལོར་ཡོངས་སུ་དབུལ་སྒྲོལ་ཐུབ་ཡོད། སྤྱི་ལོ་2020ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་བཞི་སྟོང་ཟིན་པ་དང་། ཁུལ་རྙིང་པའི་མི་དམངས་རྣམས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་ཡོད། གྲོང་མི་ཀེ་ཅིང་ད་ཆ་ཏ་ཝན་གྲོང་ཚོའི་སྒྱུ་རྩལ་ཚོགས་པའི་ཚོགས་གཙོར་གྱུར་བ་དང་། ཁོང་གིས་རྒྱུན་དུ་ཚོགས་མི་རྣམས་ཁྲིད་དེ་རིག་རྩལ་ལེ་ཚན་རང་རྩོམ་རང་འཁྲབ་གནང་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཏ་ཝེན་གྲོང་ཚོའི་འཕོ་འགྱུར་ཆེན་པོ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨན་ཧུའེ་ཅིན་ཀྲའེ་རྫོང་ཏ་ཝེན་གྲོང་ཚོ་ནི་ཏ་པེ་ཧྲན་རི་བོའི་གསར་བརྗེའི་ཁུལ་རྙིང་པར་ཆགས་ཡོད། སྤྱི་ལོ་2016ལོའི་ཟླ་4པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་དེར་རྟོག་ཞིབ་གནང་སྐབས། ཏ་ཝེན་གྲོང་ཚོ་སྔར་བཞིན་དབུལ་ཕོངས་