ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་གཞི་རྩའི་རྩ་དོན་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་བསྡུར་གྲོས་ཚོགས་སྐོང་འཚོགས་བྱས་པ།

2021-02-23 15:36:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས22ཉིན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་གཞི་རྩའི་རྩ་དོན་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་བསྡུར་གྲོས་ཚོགས་སྐོང་འཚོགས་བྱས་པ་རེད། ཐེངས་འདིའི་ཞིབ་བསྡུར་གྲོས་ཚོགས་དེ་རྒྱལ་ཡོངས་ཀྱི་ཀང་ཨའོ་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་དང་། ནང་ས། ཤང་ཀང་། ཨའོ་མོན་བཅས་ཀྱི་འབྲེལ་ཡོད་དཔོན་རིགས་དང་རིགས་གཅིག་མཁས་པ་བཅས200ཙམ་དེའི་ནང་ཞུགས་ཡོད།

ད་ཐེངས་ཀྱི་ཞིབ་བསྡུར་གྲོས་ཚོགས་དེ་པེ་ཅིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། ཤང་ཀང་དང་། ཨའོ་མོན། ཧྲེན་ཀྲེན་བཅས་སུ་ཡན་ལག་ཚོགས་ར་བཙུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་བྱ་དོན་གཞུང་ལས་ཁང་གི་ཀྲུའུ་རིན་ཞ་པའོ་ལུང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཞ་པའོ་ལུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་འགན་ལེན་བྱེད་པར། རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།

གལ་ཆེའི་རྣམ་བཤད་དེ་ནི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བསྟར་བའི་ཉམས་མྱོང་ཚད་མཐོའི་གཅིག་སྡུད་གནང་བ་ཞིག་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བསྟར་བའི་ཆོས་ཉིད་གསལ་སྟོན་གཏིང་ཟབ་གནང་བ་ཞིག་ཡིན་པས། དེས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་དང་། ཤང་ཀང་ཡུན་རིང་བདེ་འགོད་ཐུབ་རྒྱུར་ཁ་ཕྱོགས་གསལ་སྟོན་མཛད་ཡོད་ཅེས་བསྟན་གནང་ཡོད།

ཞ་པའོ་ལུང་གིས། རྒྱལ་གཅེས་པས་ཤང་ཀང་སྐྱོང་བ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཀྱི་ལྟེ་བའི་གྲུབ་ཆ་རེད། རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི། མེས་རྒྱལ་གྱི་པང་དུ་ལོག་རྗེས་ཀྱི་ཤང་ཀང་ཉིད་རྒྱལ་གཅེས་པས་བཅོས་སྐྱོང་བྱ་རྒྱུར་འགན་ལེན་བྱེད་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་དབང་དེ་རྒྱལ་གཅེས་པའི་ལག་ནང་འཛིན་རྒྱུར་འགན་ལེན་བྱེད་པ་ཞིག་རེད། རྒྱལ་གཅེས་པས་ཤང་ཀང་བསྐྱངས་ཚེ། གཞི་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་བྱེད་ཕྱོགས་ཤང་ཀང་དུ་ཕྱོགས་ཡོངས་ནས་ཡང་དག་པའི་ངང་ལག་བསྟར་དོན་འཁྱོལ་བྱེད་ཐུབ། རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུར་ནན་སྟོན་བྱེད་པ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྒྲ་རེད། ང་ཚོས་ཀྲུང་གོར་ངོ་རྒོལ་དང་ཤང་ཀང་ཟང་ཟིང་བཟོ་མཁན་དང་། ཤང་ཀང་རང་བཙན་ཟེར་བ་སོགས་ཐལ་སྐྱོད་ཁ་ཕྲལ་ངན་ཤུགས་ཀྱིས་གདེམ་བསྐོ་བརྒྱུད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྒྲིག་སྒྲོམ་གཞིའི་ནང་འཛུལ་བའི་དངོས་ཡོད་ཀྱི་ཉེན་ཁར་ངོས་འཛིན་ཁ་གསལ་ཐུབ་པ་བྱས་ཐོག ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་ཡོད་ལམ་ལུགས་དང་། ལྷག་པར་དུ་འདེམ་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བྱེད་པ་བརྒྱུད། རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་ཚན་པ་བཅས་ཀྱི་ཁོངས་གཏོགས་མི་སྣ་དང་དེ་བཞིན་གཙོ་གནད་ཁྲིམས་འཛུགས་ཚན་པའི་འགན་ཁུར་མི་སྣ་སོགས་འགན་གནས་ངེས་པར་དུ་རྒྱལ་གཅེས་པས་འཛིན་དགོས་ཞེས་བསྟན་གནང་ཡོད།

ཚོགས་ཞུགས་རིགས་གཅིག་མཁས་པས། རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་རྩ་དོན་ཞིག་རེད། ཤང་ཀང་གི་ད་སྤྱོད་འདེམ་བསྐོ་ལམ་ལུགས་ཀྱིས་རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་རྩ་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་ཐུབ་ཀྱི་མེད་པས། ངེས་པར་དུ་གང་མགྱོགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཞན་ཆ་གསབ་དགོས་ཞེས་བསྟན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་གཞི་རྩའི་རྩ་དོན་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་བསྡུར་གྲོས་ཚོགས་སྐོང་འཚོགས་བྱས་པ།

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས22ཉིན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི་གཞི་རྩའི་རྩ་དོན་དོན་འཁྱོལ་བྱེད་པའི་ཆེད་དོན་ཞིབ་བསྡུར་གྲོས་ཚོགས་སྐོང་འཚོགས་བྱས་པ་རེད། ཐེངས་འདིའི་ཞིབ་བསྡུར་གྲོས་ཚོགས་དེ