ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼དུས་རབས་གསར་པར་གསར་བརྗེའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ་པར་འགྲེམས་བྱས་པ།

2021-02-23 15:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་ཆོག་མཆན་གནང་བ་བརྒྱུད། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼དུས་རབས་གསར་པར་གསར་བརྗེའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ་པར་འགྲེམས་བྱས་ཡོད།

༼བསམ་འཆར་༽ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ནང་མཁོའི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ། བཟང་ཆ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་དར་རྒྱས་གོང་འཕེལ་གྱི་ལམ་བུ་གསར་པར་ཧུར་ཐག་བསྐྱོད་དགོས་ཞེས་ནན་བཤད་བྱས་ཡོད།

༼བསམ་འཆར་༽ནང་། སྤྱི་ལོ་༢༠༢༥ལོར་སླེབས་སྐབས། གསར་བརྗེའི་ཁུལ་རྙིང་པའི་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་ཐུབ་པ་བྱ་དགོས། སྤྱི་ལོ་༢༠༣༥ལོར་སླེབས་སྐབས། གསར་བརྗེའི་ཁུལ་རྙིང་པ་དང་རྒྱལ་ཡོངས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ཁ་གསལ་བསྟན་ཡོད།

༼བསམ་འཆར་༽ནང་ཕྱོགས་གསུམ་ཐད་ཀྱི་ལས་འགན་གཙོ་བོ་ཁ་གསལ་བཏོན་ཡོད་པ་སྟེ། དེ་ཡང་གཅིག་ནས་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་པ་དང་། ཡུལ་བབ་ལ་འཚམ་པའི་སྒོ་ནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་དངོས་གཟུགས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། གསར་བརྗེའི་ཁུལ་རྙིང་པའི་གོང་འཕེལ་གསོན་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་སྤྱི་པའི་ཞབས་ཞུའི་ཞན་ཆ་ཆ་ཚང་བ་གསབ་དགོས་པ་དང་། གསར་བརྗེའི་ཁུལ་རྙིང་པའི་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་དགོས་པ་བཅས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有