ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཞིང་ལས་དང་གྲོང་གསེབ་པུས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་འགྲེལ་བཤད་རྒྱབ་པ་སྟེ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་བ།

2021-02-23 15:33:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༢ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།

ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གཙོ་བོ་གྲོང་གསེབ་དར་རྒྱས་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་རྒྱུ་མགྱོགས་སུ་གཏོང་བའི་སྐོར་ཡིན་ཞིང་། ཞིང་གསུམ་ལས་དོན་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད་ཡོད་པ་དང་། ནང་དོན་གཙོ་བོའི་གྲས་སུ་༼མི་རུང་བ་གཉིས་དང་། འགོ་ཡག་པོ་འཛུགས་པ་དང་འགོ་བརྟན་པོ་འཛུགས་པ་གཉིས་༽ཚུད་ཡོད། མི་རུང་བ་གཉིས་ནི་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེར་གནད་དོན་ལྷག་མི་རུང་བ་དང་། འབྲུ་རིགས་བདེ་འཇགས་ཐད་གནད་དོན་ལྷག་མི་རུང་བ་དེ་གཉིས་ཡིན་པ་རེད།

ན་ནིང་རང་རྒྱལ་གྱི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་སུམ་བརྒྱ་དགུ་བཅུར་སླེབས་པ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ལོ་གོང་མ་ལས་རྒྱ་མ་དུང་ཕྱུར་༡༠༠ལྷག་མང་དུ་ཕྱིན་ཡོད།
འགོ་ཡག་པོ་འཛུགས་པ་དང་འགོ་བརྟན་པོ་འཛུགས་པ་གཉིས་ནི་ཞིང་ལས་དེང་རབས་ཅན་དང་། གྲོང་གསེབ་དེང་རབས་ཅན་གྱི་འགོ་ཡག་པོ་འཛུགས་པ་དང་འགོ་བརྟན་པོ་འཛུགས་པ་གཉིས་ཡིན། དེའི་ནང་། གྲོང་གསེབ་དེང་རབས་ཅན་གྱི་ཐད་ནས་གླེང་ན། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། གྲོང་གསེབ་འཛད་སྤྱོད། རྫོང་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གཏོང་བ་སོགས་ཐད་ཀྱི་ལས་གྲྭ་དང་བྱ་སྤྱོད་གཙོ་བོ་ཁག་གཅིག་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཞིང་ལས་དང་གྲོང་གསེབ་པུས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་འགྲེལ་བཤད་རྒྱབ་པ་སྟེ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུ་མགྱོགས་སུ་གཏོང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༢ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་