ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཅེས་པའི་ཤིན་ཅང་ཆེད་སྒྲིག་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཝུའུ་ལུམ་མུའུ་ཆིར་གཉེར་བ།

2021-02-23 15:32:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༢ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཝུའུ་ལུམ་མུའུ་ཆི་གྲོང་ཁྱེར་དུ་ཐུན་མོང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཅེས་པའི་ཤིན་ཅང་ཆེད་སྒྲིག་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་འཚོགས་ཡོད་པ་རེད།

དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་༼མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ཐོག་མའི་བསམ་འདུན་ལས་འགན་སྐོར་ལ་འགྲེལ་བཤད་གཏིང་ཟབ་རྒྱབ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་སྣེ་ཁྲིད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཏོད་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་སྐོར་ལ་འགྲེལ་བཤད་གཏིང་ཟབ་རྒྱབ་ཡོད་པ་དང་། གཙོ་བོ་ཤིན་ཅང་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་འགོ་ཁྲིད་འོག གསར་གཏོད་ཡར་བརྩོན་ཧུར་ཐག་དང་། མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་བསྒྲུབ་པ། མཛེས་སྡུག་ལྡན་པའི་འཚོ་བ་ཧུར་ཐག་གཏོད་པ་བཅས་ཀྱི་ངོ་མཚར་གཏམ་རྒྱུད་ངོ་སྤྲོད་བྱས་ཡོད། རྒྱལ་ཁབ་༨༠ལྷག་ནས་སླེབས་པའི་སྲིད་ཏང་དང་སྒྲིག་འཛུགས་༡༩༠ལྷག་གི་སྲིད་དོན་མི་སྣ་དང་གྲགས་ཅན་མི་སྣ་༣༡༠ཡིས་བརྙན་མཐོང་ཐོག་ནས་ཚོགས་འདུར་བཞུགས་ཡོད། དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་དབྱིན་ཡིག་དང་། ཧྥ་རན་སིའི་སྐད། ཨ་རབ་སྐད་སོགས་བརྒྱུད་ནས་འཛམ་གླིང་ཧྲིལ་པོར་དྲ་ཐོག་ཐད་གཏོང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཅེས་པའི་ཤིན་ཅང་ཆེད་སྒྲིག་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་ཝུའུ་ལུམ་མུའུ་ཆིར་གཉེར་བ།

དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་༼མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་བསྐྱར་དར་མངོན་འགྱུར་ཡོང་ཆེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ཐོག་མའི་བསམ་འདུན་ལས་འགན་སྐོར་ལ་འགྲེལ་བཤད་གཏིང་ཟབ་རྒྱབ་པ་དང་།