ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

2021-02-23 15:27:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད། ཚང་མས། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་ཐོག་ནས་ཐེངས་འདིའི་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་གྲུབ་བྱེད་པ་དང་། ཏང་གི་ལོ་རྒྱུས་ཁྲོད་ནས་རྒྱུན་མཐུད་གཏིང་ཟབ་པའི་འབད་འཐབ་སྟོབས་ཤུགས་བསྡུ་ལེན་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཏང་གི་འབད་འཐབ་ལོ་རྒྱུས་རྒྱུད་རིམ་དང་རླབས་ཆེའི་གྲུབ་འབྲས་ཀྱིས་ངར་ཤུགས་འཕེལ་རྒྱུར་སྐུལ་ལྕག་དང་ཁ་ཕྱོགས་གསལ་བཏོན་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་གྱིས་དད་སེམས་བརྟན་གཏོང་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཏང་གི་ལག་ལེན་དངོས་ཀྱི་གསར་གཏོད་དང་ལོ་རྒྱུས་ཉམས་མྱོང་གིས་བློ་སྒོ་འབྱེད་པ་དང་ཀུན་སྤྱོད་ཞུན་བརྡར་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།

ཚང་མས། བསམ་བློའི་གོ་རྟོགས་མཐོ་རུ་བཏང་ནས། ཐེངས་འདིའི་སློབ་སྦྱོང་སློབ་གསོའི་ལས་འགན་ནན་ཏན་ངང་ལེགས་གྲུབ་བྱ་རྒྱུ་དང་། སློབ་སྦྱོང་བྱེད་སྐབས་བསམ་གཞིགས་བྱེད་པ་དང་། སློབ་སྦྱོང་བྱས་ནས་བློ་སྒོ་ཕྱེ་བ། སློབ་སྦྱོང་བྱས་པར་ནུས་པ་ཐོན་པ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན། མི་སེམས་ཀྱིས་ཕྱོགས་མིན་དེ་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། ཏང་དང་མི་དམངས་གཅིག་སེམས་གཅིག་འབྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱེད་པའི་ལོ་རྒྱུས་ཤིག་ཡིན་ཞེས་བསྟན་གནང་ཡོད།

ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ནན་ཧོན་སྡེ་ཁུལ་གྱི་ཀྲིའི་པུའུ་ཨུ་ཡོན་ཧན་ཧྲའོ་ཅན་གྱིས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་དམིགས་འབེན་དེ་དེ་བས་ཡག་པའི་ངང་ལག་བསྟར་བྱ་ཆེད་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མར་ཁེ་སི་རིང་ལུགས་ཀྱི་ཕུལ་བྱུང་སློབ་སྲོལ་དར་སྤེལ་བཏང་ནས། སློབ་སྦྱོང་གི་བླང་བྱ་དང་སློབ་སྦྱོང་གི་ལས་འགན་ཁ་གསལ་བཟོ་དགོས་པ་དང་། ནང་དོན་དང་རྣམ་པ། བྱེད་ཐབས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས། དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་གུང་ཙི་པོ་གྲོང་ཨུད་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགོ་འཛིན་ཞུས་ཡན་ཕིང་གིས། ཐད་གཏོང་སོགས་དྲ་བའི་སྟེགས་བུ་སྤྱད་ནས། གྲོང་ཁྱེར་དང་ཁུལ་རྫོང་བཅས་ཨུ་ཡོན་ལྷན་ཁང་གི་ཏང་ཨུད་ཧྲུའུ་ཅིས་དྲ་ཐོག་ནས་ཏང་གི་ལོ་རྒྱུས་སློབ་ཁྲིད་བྱ་རྒྱུར་གདན་ཞུ་བྱས་པ་མ་ཟད། ལྟ་ཉན་ཐོན་རྫས་བེད་སྤྱད་ནས་ཉན་ཐུབ་པ་དང་ལྟ་ཐུབ་པ། སྦྱོང་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་ཏང་གི་ལོ་རྒྱུས་རྒྱུད་སྤེལ་མ་ལག་བཟོ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་རེད།

ཐན་ཅིན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། རབ་འབྱམས་པའི་མཛུབ་ཁྲིད་དགེ་རྒན་ཝང་ཧྲུའུ་ཧུའེ་ཡིས། སློབ་ཆེན་སློབ་མས་ཏང་གི་ལོ་རྒྱུས་ཀྱི་ངེས་སྦྱོང་སློབ་ཚན་དེ་ཡག་པོ་སྦྱོང་ཐུབ་རྒྱུར་རོགས་རམ་བྱས་ཏེ། ཁོང་ཚོས་ལོ་རྒྱུས་ཤེས་ནས་ཏང་ལ་དགའ་ཞེན་ཡོང་བ་དང་ལོ་རྒྱུས་ཤེས་ནས་རྒྱལ་ཁབ་ལ་དགའ་ཞེན་ཡོང་བ་བྱ་རྒྱུ་དང་། དད་སེམས་ཀྱི་འོད་སྣང་ཁོང་ཚོའི་མདུན་སྐྱོད་ཀྱི་འགྲོ་ལམ་ལ་འཕྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད། ཚང་མས། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་ཐོག་ནས་ཐེངས་འདིའི་སློབ་སྦྱོང་སློབ