ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་ནི་མི་དམངས་ཡིན། མི་དམངས་ནི་རྒྱལ་སྲིད་ཡིན།

2021-02-23 14:54:00     责编:sangjzm

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད། འགོ་བརྗོད་དུ་༼རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན་༽ཞེས་པ་གཏོང་སྤེལ་བྱས་ཡོད།

མྱུར་དཔྱད་ནང་། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན། མི་སེམས་ཀྱིས་ཕྱོགས་མིན་དེ་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ཅེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེར་བརྩེ་བས་ཕྱུག་ཅིང་དོན་སྙིང་ཟབ་མོ་ལྡན་ཡོད་པ་དང་། དེས་རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་དམིགས་འབེན་དང་སྤྱི་དོན་དུ་ཏང་བཙུགས་པ་དང་དམངས་དོན་དུ་སྲིད་གཉེར་བའི་སྲིད་འཛིན་འདུ་ཤེས་མངོན་ཡོད་པ་དང་། དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཆོད་སེམས་བརྟན་པོ་མངོན་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ལ་དམ་པོར་བརྟེན་པ་དང་མི་དམངས་ལ་ཟམ་མི་ཆད་པར་བདེ་སྐྱིད་སྐྲུན་པ། མི་དམངས་ཁྲོད་གཞི་རྐང་བརྟན་པོ་ཚུགས་རྒྱུ་བཅས་ལ་སྐུལ་མ་ཐེབས་ངེས་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་འདུན་པའི་ཆེད་འབད་འཐབ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

རྒྱལ་སྲིད་ནི་མི་དམངས་ཡིན། མི་དམངས་ནི་རྒྱལ་སྲིད་ཡིན།

མྱུར་དཔྱད་ནང་། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན། མི་སེམས་ཀྱིས་ཕྱོགས་མིན་དེ་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ཅེས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེར་བརྩེ་བས་ཕྱུག་