ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ལོ་2021ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

2021-02-22 10:03:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ༼ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐོག་མ་དེ་ཡིན། རང་རྒྱལ་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་འཛུགས་པའི་སྐབས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པའི་སྐབས་སུ། ད་ལོ་དང་ཐ་ན་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་ཞིང་གསུམ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཡིག་ཆ་གལ་ཆེན་འདིར་ནང་དོན་དང་དོན་སྙིང་གང་འདྲ་ལྡན་མིན་དང་། རང་རྒྱལ་གྱིས་གང་འདྲ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་ངམ་ཞེ་ན།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་འཛུགས་པའི་སྐབས་ཀྱི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐོག་མ་དེས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་གཉིས་སྤྱིའི་དམིགས་འབེན་ལ་གཏན་འཁེལ་བྱས་ཡོད། ཡིག་ཆའི་ནང་། ད་ལོའི་གཙོ་གནད་ལས་འགན་ནི་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་རྒྱུ་དེ་ཡིན། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་ཟིན་རྗེས། ལོ་ལྔའི་བར་བརྒལ་དུས་མཚམས་བཟོས་ཡོད་པས། བར་བརྒལ་དུས་མཚམས་རིང་ད་ཡོད་ཀྱི་ཟུར་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱ་རྒྱུ་དང་གཞི་ཁྱོན་ལྡན་པའི་དབུལ་ལོག་ཐེབས་རྒྱུར་བཀག་འགོག་བྱེད་པའི་མ་མཐའི་ཚད་གཞི་སྲུང་དགོས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག ཆིང་ཧྭ་སློབ་ཆེན་ཀྲུང་གོའི་གྲོང་གསེབ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཀྲང་ཧུང་ཡུས་ཀྱིས། རྒྱ་སྐྱེད་གཏོང་རྒྱུ་དེ་དེ་བས་གལ་འགངས་ཆེ་བ་ཡོད་པའི་ངོས་འཛིན་གནང་ཡོད། འཆར་འགོད་ཐད། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་བྱས་ནས་བསམ་གཞིགས་བྱེད་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བྱེད་དགོས་པ་དང་། སྤྱི་པའི་ཞབས་ཞུའི་ཐད། གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་གནད་དོན་དང་། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་གནད་དོན། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་གནད་དོན་སོགས་ཀྱི་ཐད་གྲོང་ཁྱེར་དང་ད་དུང་ཧེ་བག་མངོན་གསལ་དོད་པོ་ཡོད་པས་དེའི་ཐད་ང་ཚོས་ཤུགས་སྣོན་རྒྱག་དགོས་པ་བསྟན་ཡོད།

ད་ལོའི་ཡིག་ཆའི་ནང་གྲོང་གསེབ་ཀྱི་ད་ཡོད་འཛུགས་སྐྲུན་ཐད་ཀྱི་བེད་སྤྱོད་ས་ཆ་གང་འགབ་ཅི་སྤྱོད་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བཀག་རྒྱའི་གསལ་ཐོའི་དོ་དམ་བྱ་རྒྱུ་ཐེངས་དང་པོར་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ཡེ་ཤིང་ཆིང་གིས། དེའི་ཐོག་ནས་གང་འགབ་ཅི་སྤྱོད་ཐུབ་པའི་བེད་སྤྱོད་ས་ཆའི་ཁྱབ་ཁོངས་དེ་ཕན་མེད་དུ་བསྐྱུར་བའི་སློབ་གྲྭ་དང་གཞུང་ལས་ཐོག་ཁང་སོགས་ཀྱི་འཛུགས་སྐྲུན་ས་ཆ་བར་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་མཚོན་ཡོད། བཀག་རྒྱའི་གསལ་ཐོའི་དོ་དམ་བྱེད་པ་དེ་ངོ་བོའི་ཐོག་བེད་སྤྱོད་བྱེད་སྟངས་ལྷུག་ཏུ་བཏང་བ་ཡིན་ཞིང་། དེ་ཡང་གསལ་ཐོའི་ནང་ཡོད་པ་ཕུད་དེ་བྱིངས་ཚང་མ་བེད་སྤྱོད་གཏོང་ཆོག་གི་ཡོད་ཅེས་བསྟན་ཡོད་པ་རེད།

འབྲུ་རིགས་ནི་ཐོག་མཐའ་བར་གསུམ་དུ་ཞིང་གསུམ་གྱི་འགག་རྩའི་གླེང་གཞི་ཞིག་ཡིན། ཡིག་ཆའི་ནང་། སྤྱི་ལོ་2021ལོར་འབྲུ་རིམས་ཐོན་འབབ་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ལྷག་ཟིན་པ་བྱ་རྒྱུ་ཡིན་པ་བཏོན་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གིས་འབྲུ་རིགས་རྨོ་འདེབས་རྒྱ་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རེའི་ཐོན་ཚད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་དེ་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་ལས་ཐད་མི་སྤྱོད་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་སྤྱོད་བྱ་རྒྱུར་ཚོད་འཛིན་ནན་པོ་བྱས་ནས། རྨོ་ཞིང་དང་ཞིང་ལས་ལ་མི་སྤྱོད་པ་ཅན་དང་འབྲུ་རིགས་ཐོན་སྐྱེད་ལ་མི་སྤྱོད་པ་ཅན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། ས་བོན་ཡོང་ཁུངས་ཀྱི་འགག་རྩའི་ལག་རྩལ་འགག་གཏོར་བྱེད་དགོས་པ་དང་། ལོ་ཏོག་གི་སོན་བཟང་དང་ཕྱུགས་ཟོག་གི་རྒྱུད་བཟང་གི་མཉམ་འབྲེལ་འགག་གཏོར་ལག་བསྟར་གཏིང་ཟབ་བྱེད་དགོས་པ། གང་མགྱོགས་ཞིང་ལས་ཐོན་རྫས་གཙོ་བོའི་ས་བོན་ཡོང་ཁུངས་རང་བདག་ཚོད་འཛིན་ཐུབ་པ་བྱེད་དགོས་པ་བཅས་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

སྤྱི་ལོ་2021ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་འཛུགས་པའི་སྐབས་ཀྱི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐོག་མ་དེས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ་གཉིས་སྤྱིའི་དམིགས་འབེན་ལ་གཏན་འཁེལ་བྱས་ཡོད།