ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷོ་ཁ་གྲོང་ཁྱེར་གྱིས་དྲ་ཐོག་དང་ཡུལ་དངོས་གཉིས་སུ་ནུས་ཤུགས་བཏོན་ནས་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ།

2021-02-22 09:55:00     责编:卓玛才让

2020ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང“མཉམ་དུ་སྐུལ་འདེད་གཏོང་བ་བཞིར”བརྟེན་ནས་ངལ་ནུས་ཕྱིར་གཏོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ་རེད།

ལས་གནས་གསར་སྤེལ་དང་དྲ་ཐོག་གདན་ཞུར་མཉམ་དུ་སྐུལ་འདེད་བཏང་བ། ཡུལ་དངོས་ལས་ཞུགས་དེ་དྲ་ཐོག་ལས་གནས་གདན་ཞུར་འགྱུར་བར་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱས་ཏེ“ལས་ཞུགས་ཞབས་ཞུ་དུས་ནམ་ཡང་སྤེལ་བ་དང་དྲ་ཐོག་ལས་གནས་གདན་ཞུ་མཚམས་མི་འཇོག་པའི”དྲ་ཐོག་གདན་ཞུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་ངལ་ནུས་ལས་ཞུགས་གང་ལེགས་ཐུབ་པ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

གཞི་གྲངས་མཐིལ་རྟོགས་དང་ལས་ཞུགས་ཞབས་ཞུར་མཉམ་དུ་སྐུལ་འདེད་བཏང་བ། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་དང་མཉམ་དུ་རྫོང(ཆུས)མི་དམངས་སྲིད་གཞུང་ལ《ངལ་ནུས་དང་ཞིང་པ་ལས་བཟོ་བའི་མཉམ་འབྲེལ་རུ་ཁག་དང་ཁེ་ལས(རྣམ་གྲངས)ཀྱི་མི་སྤྱོད་དགོས་མཁོའི་མཐིལ་རྟོགས་བསྡོམས་རྩིས་ལས་དོན་ལེགས་པོར་སྒྲུབ་དགོས་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམས་བྱས་ཤིང་། རྫོང(ཆུས)ཁག་གིས་ཁོངས་གཏོགས་ཁུལ་གྱི་ངལ་ནུས་ལྷག་མ་དང་ཞིང་པ་ལས་བཟོ་བའི་མཉམ་འབྲེལ་རུ་ཁག་གི་གནས་ཚུལ་མཐིལ་རྟོགས་ནན་ཏན་བྱས་ཏེ། གཞི་གྲངས་ཁ་གསལ་དང་གནས་ཚུལ་གསལ་པོ་ཡོང་བར་བྱས་པ་རེད། 2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་ངལ་ནུས་ཕྱིར་གཏོང་མི6700བྱས་པ་དང་ཡོང་འབབ་སྒོར་ཁྲི2379ལྷག་ཙམ་བཏོད་ཡོད་པ་རེད།

སྲིད་ཇུས་དྲིལ་བསྒྲགས་དང་རྩལ་ནུས་གསོ་སྦྱོང་ལ་མཉམ་དུ་སྐུལ་འདེད་བཏང་བ། ལས་མི་སྤྱོད་པའི་དགོས་མཁོའི་མཐིལ་རྟོགས་བརྟག་དཔྱད་ལས་དོན་གྱི་གོ་སྐབས་ལ་དམིགས་ཏེ་ཁེ་ལས་ཀྱི་འགན་འཁུར་བར་བོད་ལྗོངས་ཀྱིས་ཁེ་ལས་ལས་མགོ་བསྐྱར་ཚུགས་བྱེད་པར་སྤྱི་ཚོགས་འགན་བཅོལ་དངུལ་སྤྲོད་པ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན་སྤྲོད་པ། ལས་གནས་ཁ་གསབ་བྱེད་པ་སོགས་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དྲིལ་བསྒྲགས་བྱས་ནས། ཁེ་ལས་ཀྱིས་རང་ཉིད་ལ་བརྟེན་ནས་བདེ་བླག་ངང་ལས་མགོ་བསྐྱར་འཛུགས་ལ་སྐུལ་ལྕག་བྱས་པ་རེད། 2020ལོའི་ལོ་མཇུག་ཏུ་གསོ་སྦྱོང་འཛིན་གྲྭ་ཁག་ཐེངས267གཏན་འཁེལ་བྱས་པའི་ནང་རིགས་ཁག་གི་ངལ་རྩོལ་ནུས་ཤུགས12868ཚུད་ཡོད་པ་རེད།

ལྟེ་བའི་ལས་དོན་དང་གཙོ་གནད་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་བ། ལས་དོན་ཆེད་དོན་ཚན་ཆུང་བཙུགས་རྗེས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོས་སྲིན་བུ་རིར་ཐེངས་གསུམ་བསྐྱོད་དེ་མང་ཚོགས་ཀྱི་གསོ་སྦྱོང་ལས་ཞུགས་རེ་འདུན་ལ་བརྟག་ཞིབ་བྱས་ནས་རླངས་འཁོར་ཁ་ལོ་བ་དང་། ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ་བ། ཇ་མ་སོགས་གསོ་སྦྱོང་རྣམ་གྲངས་ཁག10གཏན་འཁེལ་བྱས་པ་དང་མང་ཚོགས463གསོ་སྦྱོང་ལ་ཞུགས་པ་དང་མ་དངུལ་སྒོར་ཁྲི160.09བཏང་བ་རེད། 2020ལོའི་ལོ་མཇུག་བར་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་བཙུགས་ནས་མང་ཚོགས70ལ་ཕན་པ་ཐོབ་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

ལྷོ་ཁ་གྲོང་ཁྱེར་གྱིས་དྲ་ཐོག་དང་ཡུལ་དངོས་གཉིས་སུ་ནུས་ཤུགས་བཏོན་ནས་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ།

2020ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང“མཉམ་དུ་སྐུལ་འདེད་གཏོང་བ་བཞིར”བརྟེན་ནས་ངལ་ནུས་ཕྱིར་གཏོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་བ་རེད།