ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཁོ་ཤིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

2021-02-20 10:55:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་19ཉིན། ཁོ་ཤིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དེའི་གོང་། སྨན་བཅོས་ལས་ཁུངས་ཀྱི་མི་སྣ་དང་རིམས་འགོག་ནང་ཞུགས་མཁན་གྱི་ལས་དོན་མི་སྣ་ཚུད་པའི་རིམས་འགོག་སྨན་ཁབ་སྔོན་ལ་རྒྱག་ཆོག་པའི་ཁྱབ་ཁོངས་5ཡི་མི་སྣས་ཟླ་བ་འདིའི་ཚེས་23ཉིན་ནས་འགོ་ཚུགས་ཏེ་རང་མོས་སྒོ་ནས་ཁབ་རྒྱག་ཐོ་འགོད་བྱེད་ཆོག་པ་དང་། ཚེས་26ཉིན་ནས་འགོ་ཚུགས་ཏེ་དངོས་སུ་རིམས་འགོག་སྨན་ཁབ་རྒྱག་འགོ་འཛུགས་རྒྱུ་ཡིན་པ་བསྟན་ཡོད།

ཤང་ཀང་ལས་རིགས་ཁག་གི་མི་སྣས། ཁོ་ཤིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་འབྱོར་བ་དེས་གྲོང་མི་ཚོའི་རིམས་ནད་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཡོལ་གང་ཨོ་ཁུག་པ་ཆེན་པོའི་ཁེ་ལས་མཁས་པའི་མནའ་འབྲེལ་གྱི་སྲོལ་འབྱེད་ཀྲུའུ་ཞི་ཚའེ་ཀོན་ཧྲེན་གྱིས། ང་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་ཤང་ཀང་ལ་དགོས་མཁོ་ཡོད་རིམ་བཞིན་དུ། རྒྱལ་ཁབ་ཀྱིས་ང་ཚོར་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ཁོ་ཤིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་19ཉིན། ཁོ་ཤིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཤང་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་དེའི་གོང་། སྨན་བཅོས་ལས་ཁུངས་ཀྱི་མི་སྣ་དང་རིམས་འགོག་ནང་ཞུགས་མཁན་གྱི་ལས་དོན་མི་སྣ་ཚུད་པའི་རིམས་འགོག་སྨན་ཁབ་སྔོན་