ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མོལ་གནང་བ།

2021-02-20 10:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་19ཉིན་མི་དམངས་ཚོགས་ཁང་ཆེ་མོར་བརྙན་མཐོང་རྣམ་པའི་ཐོག་ནས་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁེ་ཝེའར་དང་གྲོས་མོལ་གནང་ཡོད།

ལི་ཀྲན་ཧྲུའུ་ཡིས། ཀྲུང་གོ་དང་ཧང་ག་རིའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་གྱི་མདུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨོར་པན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོས་ཕར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས། ཕན་ཚུན་རིམས་ནད་འགོག་བཅོས་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལྡོག་འཕར་བྱུང་བ། གལ་ཆེའི་མཉམ་ལས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱུང་བ། རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པ། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བར་མཉེན་ཤུགས་ཆེན་པོ་དང་ནང་གནས་ཀྱི་སྒུལ་ཤུགས་སླར་ཡང་མངོན་ནས། སྐྱིད་སྡུག་མཉམ་མྱོང་དང་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཡོད་ཅེས་གསུངས་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། མི་རིང་བའི་གོང་སྐོང་འཚོགས་བྱས་པའི་ཀྲུང་གོ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཙུང་ལི་ཨོར་པན་ཚུད་པའི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་དེ་འབྱུང་འགྱུར་གྱི་མཉམ་ལས་འཕེལ་རྒྱས་འཆར་འགོད་དང་། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཁ་ཕྱོགས་ཐོག་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་གཏོང་རྒྱུ་དང་། ཧང་ག་རི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ནི་ཀྲུང་གོ་དང་ཧང་ག་རིའི་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་མཐོ་རིམ་བར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་པའི་བཅའ་ཁྲིམས་ཀྱི་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་སྤྲོད་པ་དང་བཟོ་བཅོས་རྒྱག་པའམ་ཡང་ན་དངོས་སུ་བཏོན་ནས། ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

ཁེ་ཝེའར་གྱིས། ཧང་ག་རི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་པ་མཚོན་པ་མ་ཟད། མཉམ་ལས་གསར་པ་བྱ་རྒྱུར་ཡང་མདུན་ལྗོངས་བཏོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱེད་རིང་དངོས་ཟོག་དང་རིམས་འགོག་སྨན་ཁབ་སོགས་ཐད་ཀྱི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧང་ག་རིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་ནས། རྣམ་གྲངས་དེ་བས་མང་བའི་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཁྲིམས་འཛུགས་ལས་ཁུངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་ཟབ་ཏུ་གཏོང་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ལི་ཀྲན་ཧྲུའུ་ཡིས་ཧང་ག་རིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མོལ་གནང་བ།

ལི་ཀྲན་ཧྲུའུ་ཡིས། ཀྲུང་གོ་དང་ཧང་ག་རིའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཚོད་བགམ་གྱི་མདུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨོར་པན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་པོས་ཕར་བ་གྲུ་འདེགས་དང་ཕ