ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ས་གནས་ཁག་གི་བཟོ་ལས་ཁེ་ལས་ཀྱིས་འདི་ལོའི་དུས་ཚིགས་དང་པོའི་འགོ་ཡག་པོ་བཙུགས་པ།

2021-02-20 09:57:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས18ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་རྗེས་ཀྱི་ལས་ཀའི་ཉིན་མོ་དང་པོ་དེ་རེད། ས་གནས་ཁག་གི་བཟོ་ལས་ཁེ་ལས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། དུས་ཚོད་དམ་འཛིན་གྱིས་ལས་ཀའི་དུས་ཚོད་བཀོད་སྒྲིག་ཞིབ་ཚགས་བྱས་པ། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་པ་བཅས་ཀྱིས་འདི་ལོའི་དུས་ཚིགས་དང་པོའི་སྒོ་མོ་ཡག་པོ་འབྱེད་པ་དང་། ས་གནས་མང་པོས་ལས་བསྡུའི་བྱེད་སྒོ་ཡང་རིམ་བཞིན་སྤེལ་ཡོད།

སྤྱི་ཚེས18ཉིན། ཨན་ཧུའེ་ཡི་གཙོ་གནད་རྣམ་གྲངས272གཅིག་སྡུད་ཐོག་ལས་འགོ་བཙུགས་ཤིང་། ཁྱོན་མ་འཇོག་སྒོར་དུང་ཕྱུར1330དང་བྱེ་བ8གཏོང་རྒྱུ་དང་། འཆར་གཞི་ལྟར་ན་ད་ལོ་མ་འཇོག་སྒོར་དུང་ཕྱུར452དང་བྱེ་བ9གཏོང་རྒྱུ་ཡིན་པ་རེད། དེ་དག་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་། སྲོལ་རྒྱུན་ཐོན་ལས་བརྗེ་བསྒྱུར་རིམ་སྤོར་སོགས་ལས་རིགས་ཁྱབ་ཁོངས11དང་འབྲེལ་བ་ཡོད་ཅིང་། དེ་ཡང་ཨན་ཧུའེ་ཡི་གྲོང་ཁྱེར16ལ་ཁེབས་ཡོད་པ་རེད།

ཅང་སུའུ་སུའུ་ཆན་གྱི་ཚན་རྩལ་ཀུང་སི་ཞིག་གི་བཟོ་གྲྭའི་ནང་། ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་བྱས་པའི་འཁྱག་བཟོའི་དོ་དམ་མ་ལག་གིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་ལས་གཉེར་བྱེད་བཞིན་ཡོད། ཀུང་སི་དེའི་ཐོན་སྐྱེད་བཟོ་སྐྲུན་ལྟེ་གནས་ཀྱི་སྤྱི་ཁྱབ་སྤྱི་གཉེར་ལི་ཁྲང་ཁྲུན་གྱིས། འདས་པའི་ལོ་གཅིག་གི་ནང་། ཁེ་ལས་ཀྱིས་རིམས་ནད་ཀྱི་ངན་རྐྱེན་ཁྱད་དུ་བསད་པས། ཁེ་བཟང་གཙང་མ་སྒོར་བྱེ་བ6མངོན་གྱུར་ཐུབ་སྟེ་ལོ་རྒྱུས་ཐོག་གི་གྲུབ་འབྲས་ལེགས་ཤོས་དེ་བཏོད་ཡོད་ཅེས་ངོ་སྤྲོད་གནང་ཡོད།

ཧེ་པེ་ཧྲེ་ཅ་ཀྲོང་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་རིམས་འགོག་ལ་དམ་འཛིན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་ལ་དམ་འཛིན་བྱས་པས། མིག་སྔར་ཧྲེ་ཅ་ཀྲོང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་གསར་སྤེལ་ཁུལ21ཁྲོད་ཁེ་ལས1ཁྲི2སྟོང་ལྷག་ལས་སྒོ་སླར་གསོ་ཐུབ་པ་དང་། ལས་སྒོ་སླར་གསོ་ཐུབ་པའི་མི་གྲངས1འབུམ8ཁྲི་ལྷག་ཟིན་ཏེ་ལས་སྒོ་སླར་གསོ་ཐུབ་ཚད་བརྒྱ་ཆ88.2ཟིན་ཡོད།

ས་གནས་ཁག་གི་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་པ་དང་ཆབས་ཅིག ས་གནས་ཁག་གི་ལས་མི་བསྡུ་བའི་བྱེད་སྒོ་ཡང་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། སྤྱི་ཚེས18ཉིན་ཉིང་པོ་གྲོང་ཁྱེར་གྱིས་ལོ་གསར་པའི་ལས་བསྡུའི་བྱེད་སྒོ་ཐོག་མ་དེ་སྤེལ་བ་དང་། ལས་བསྡུའི་བྱེད་སྒོ་ཟླ་བ་གཅིག་ཙམ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་། དེ་ཡང་དྲ་ཐོག་དྲ་འོག་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་རྒྱུ་དང་། སྔོན་དཔག་ལྟར་ན་ཚན་པ་ཞུགས་ཐེངས་ཁྲི1དང་། ལས་ཞུགས་མི་སྣ1འབུམ་དེའི་ཁྲོད་ཞུགས་རྒྱུ་ཡིན་པ་རེད། གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་ཐུབ་པར། ཁེ་ལས་མང་ཆེ་བར་ལག་རྩལ་བཟོ་པ་དང་སྤྱིར་བཏང་ལས་མི་དགོས་ཆེན་པོ་ཡོད་པ་རེད།

ཧྥུ་ཀྲོའུ་གྲོང་ཁྱེར་གྱིས་སྤྱི་ཚེས18ཉིན་ནས་སྤྱི་ཚེས28ཉིན་བར། སྤྱི་ལོ2021ལོའི་མཐོ་སློབ་སློབ་ཐོན་སློབ་མའི་དྲ་ཐོག་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བཞིན་ཡོད། སྤྱི་ཚེས21ཉིན། ཧྥུ་ཀྲོའུ་གྲོང་ཁྱེར་གྱིས་ད་དུང་དྲ་བའི་ཐད་གཏོང་ཁང་འཛུགས་པ་བརྒྱུད། གཙོ་གནད་ཁེ་ལས་འགའ་ཤས་སྒྲིག་འཛུགས་བྱས་ཏེ་ལས་གནས་གཞན་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ས་གནས་ཁག་གི་བཟོ་ལས་ཁེ་ལས་ཀྱིས་འདི་ལོའི་དུས་ཚིགས་དང་པོའི་འགོ་ཡག་པོ་བཙུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས18ཉིན་ནི་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་རྗེས་ཀྱི་ལས་ཀའི་ཉིན་མོ་དང་པོ་དེ་རེད། ས་གནས་ཁག་གི་བཟོ་ལས་ཁེ་ལས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་། དུས་ཚོད་དམ་འཛིན་གྱིས་ལས་ཀའི་དུས་ཚོད་བཀོད་སྒྲིག་ཞིབ་ཚགས་བྱས་པ།