ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་ཨ་རིའི་སྤྱི་ལོ2020ལོའི་ལོ་སྟོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གཅིག་ཐུང་དུ་སོང་བ།

2021-02-20 09:49:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་རིམས་ནད་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྤྱི་ཚེས18ཉིན་གནས་ཚུལ་སྤེལ་བར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ངན་རྐྱེན་གྱི་རྐྱེན་པས། ཨ་རིའི་སྤྱི་ལོ2020ལོའི་ལོ་སྟོད་ཀྱི་མི་རེའི་སྔོན་དཔག་ཚེ་ཚད་ལོ78དང་ཟླ་བ8ནས་ལོ77དང་ཟླ་བ8བར་ལོ་གཅིག་ཐུང་དུ་སོང་ཞིང་། དེ་ནི་ཨ་རིར་འཛམ་གླིང་དམག་ཆེན་གཉིས་པ་ཐོན་ཚུན་གྱི་ཆག་ཚད་ཆེ་ཤོས་དེ་ཡིན་པ་མ་ཟད། དེ་སྤྱི་ལོ2006ལོའི་ཚུན་གྱི་ཆུ་ཚད་དམའ་ཤོས་སུ་གནས་ཡོད། ཨ་རིའི་ངལ་རྩོལ་བཟོ་པའི་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ2པའི་ཚེས13བར་གྱི་གཟའ་འཁོར་གཅིག་གི་ནང་། ཨ་རིར་ཐེངས་དང་པོར་ལས་ཤོར་རོགས་སྐྱོབ་རེ་ཞུ་བྱེད་མཁན་མི་གྲངས8འབུམ6ཁྲི1སྟོང་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས་ཨ་རིའི་སྤྱི་ལོ2020ལོའི་ལོ་སྟོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གཅིག་ཐུང་དུ་སོང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་རིམས་ནད་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྤྱི་ཚེས18ཉིན་གནས་ཚུལ་སྤེལ་བར། ཏོག་གསར་གློ་ཚད་རིམས་ནད་ཀྱི་ངན་རྐྱེན་གྱི་རྐྱེན་པས། ཨ་རིའི་སྤྱི་ལོ2020ལོའི་ལོ་སྟོད་ཀྱི་མི་རེའི་སྔོན་དཔག་ཚེ་ཚད་ལོ78དང་ཟླ་བ8ནས་ལོ77དང་ཟླ་བ8བར་ལོ་གཅིག་ཐུང་དུ་སོང་ཞིང་།