ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཡུལ་ཤུལ་མི་དམངས་སྨན་ཁང་དུ“ས་མཐོའི་གསོ་རིག་སྲོག་ཆགས་ཚོད་ལྟ་ཁང”གི་སྒོ་བྱང་བཀལ་བ།

2021-01-13 14:11:00     责编:卓玛才让

མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་མཐོའི་སྙིང་དང་ཀླད་པའི་ནད་ཀྱི་གསོ་རིག་ཞིབ་འཇུག་ཤུགས་ཆེན་བྱས་ཏེ་ས་མཐོའི་གཅོང་ནད་ཀྱི་ནད་ལུགས་རིག་པའི་སྣང་ཚུལ་གྱི་འགྱུར་ལྡོག་དང་ཁྱད་ཆོས་འཚོལ་ཞིབ་བྱ་ཆེད། ཉེ་ཆར་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གིས་མཉམ་འབྲེལ་ཐོག་བཙུགས་པའི“ས་མཐོའི་གསོ་རིག་སྲོག་ཆགས་ཚོད་ལྟ་ཁང”ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་དུ་སྒོ་བྱང་བཀལ་བ་རེད།

ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་ཀྲོའུ་ཡིས་པེ་ཅིང་གི་མཚོ་སྐྱོར་སྨན་བཅོས་རུ་ཁག་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར་གྱི་སྨན་བཅོས་ཐོན་ཁུངས་སྤྱད་དེ་སྨན་ཁང་གི་འཛུགས་སྐྲུན་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་རྒྱུན་ཆད་མེད་པར་མང་དུ་བཅས་བཏང་ནས་སྨན་བཅོས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་ཆབས་ཅིག སྨན་བཅོས་བདེ་འཇགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན་བྱས་ཡོད། “ས་མཐོའི་གསོ་རིག་སྲོག་ཆགས་ཚོད་ལྟ་ཁང”བཙུགས་རྗེས་ས་བབ་མཐོ་བའི་ས་ཁུལ་དུ་གནས་པའི་སྲོག་ཆགས་ཀྱི་ལུས་ཁམས་གནས་ཚུལ་ལ་ཞིབ་འཇུག་བྱས་པ་བརྒྱུད་ས་མཐོའི་རང་བཞིན་གྱི་གཅོང་ནད་དང་ལྷག་པར་དུ་སྙིང་དང་ཀླད་པར་ཚན་ཞིབ་བྱས་ཏེ་ཚན་ཞིབ་ཀྱི་གྲུབ་འབྲས་སྔར་བས་གཞན་སྒྱུར་བྱས་ནས་གྲུབ་འབྲས་དེ་སྔ་ཙམ་ནད་ཐོག་སྨན་བཅོས་ཐད་སྤྱོད་རྒྱུ་རེད་ལ། ཡུལ་ཤུལ་ཀྲོའུ་ཡི་ས་མཐོའི་ནད་ཀྱི་གཞི་རྩའི་ཞིབ་འཇུག་དང་། ཚན་ཞིབ། ནད་ཐོག་སྨན་བཅོས་བཅས་ཀྱི་ཐད་ལའང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་དང་མ་ཟད། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་གིས་སླད་ཕྱིན་ས་མཐོའི་གཅོང་ནད་དང་ལྷག་པར་དུ་སྙིང་དང་ཀླད་པར་ཚན་ཞིབ་བྱ་རྒྱུར་རྨང་གཞི་བཏིང་ནས་རྗེས་མཐུད་ཀྱི་ས་མཐོའི་རང་བཞིན་གྱི་གཅོང་ནད་ལ་ཞིབ་འཇུག་དང་འཕེལ་རྒྱས་ཐད་སྦྲེལ་ཟམ་འཛུགས་རྒྱུ་རེད།

གོམ་སྟབས་རྗེས་མར་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་གིས་མུ་མཐུད་སྨན་ཁང་དེ་གཉིས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ས་མཐོའི་སྲོག་ཆགས་ལ་ཞིབ་འཇུག་གི་གྲུབ་འབྲས་དེ་བས་མང་བ་ནད་ཐོག་སྨན་བཅོས་ཐད་སྤྱོད་རྒྱུ་མ་ཟད། དེ་གོ་སྐབས་སུ་བྱས་ཏེ་མཉམ་ལས་དེ་བས་གཏིང་ཟབ་ཀྱིས་ས་བབ་མཐོ་བའི་ས་ཁུལ་ལ་འཚམ་པའི་སྨན་བཅོས་བདེ་སྲུང་གི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་སྤེལ་དང་ཁྱབ་གདལ་བཏང་ནས་ཡུལ་ཤུལ་གྱི་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

མཚོ་སྔོན་ཡུལ་ཤུལ་མི་དམངས་སྨན་ཁང་དུ“ས་མཐོའི་གསོ་རིག་སྲོག་ཆགས་ཚོད་ལྟ་ཁང”གི་སྒོ་བྱང་བཀལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་མཐོའི་སྙིང་དང་ཀླད་པའི་ནད་ཀྱི་གསོ་རིག་ཞིབ་འཇུག་ཤུགས་ཆེན་བྱས་ཏེ་ས་མཐོའི་གཅོང་ནད་ཀྱི་ནད་ལུགས་རིག་པའི་སྣང་ཚུལ་གྱི་འགྱུར་ལྡོག་དང་ཁྱད་ཆོས་འཚོལ་ཞིབ་བྱ་ཆེད།