ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་བོད་ཚན་ཞིབ་ཀྱི་ཆེད་དོན་རྣམ་གྲངས་88ཀྱིས་བོད་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྱོང་ལ་རམ་འདེགས་བྱས་པ།

2021-01-13 14:10:00     责编:卓玛才让

བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་གྲངས་གཞི་ལས་མངོན་པར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་ཐེངས་གཉིས་པ་འགོ་བཙུགས་ཚུན། ཆེད་དོན་རྣམ་གྲངས་88ཀྱི་ཚན་ཞིབ་བྱེད་སྒོ་བོད་དུ་གཏིང་ཟབ་སྤེལ་ནས་སའི་གོ་ལའི“སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་བྱ་རྒྱུར་གྲངས་གཞི་གལ་ཆེན་དང་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་2017ལོའི་ཟླ་8པར་ཕྱོགས་ཡོངས་ནས་འགོ་བཙུགས་ཚུན། ཚན་ཞིབ་ལས་དོན་པ་འབོར་ཆེན་ཞིག་གིས་མཚོ་བོད་ས་མཐོའི་ཆུ་དང་། སྣོད་བཅུད། མིའི་རིགས་ཀྱི་བྱེད་སྒོ་སོགས་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་རྟོག་ཞིབ་དང་ཞིབ་འཇུག་བྱས་ནས་སའི་གོ་ལའི“སྣེ་གསུམ་པ”སྲུང་སྐྱོང་ཡག་པོ་བྱ་རྒྱུར་གྲངས་གཞི་གལ་ཆེན་དང་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད། ← འདི་ནི་2019ལོའི་ཟླ་5ཚེས་30ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་གནམ་མཚོའི་རིམ་པ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་སྒར་ས་ནས་པར་དུ་བླངས་པའི“མཐོང་རྒྱ་ཨང་དང་པོ”རྟགས་ཅན་གྱི་མཁའ་ལྡིངས་འཕྲུལ་ཆས་ཡིན་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

མཚོ་བོད་ཚན་ཞིབ་ཀྱི་ཆེད་དོན་རྣམ་གྲངས་88ཀྱིས་བོད་ཀྱི་སྣོད་བཅུད་སྲུང་ཡོལ་འཛུགས་སྐྱོང་ལ་རམ་འདེགས་བྱས་པ།

འདི་ནི་2019ལོའི་ཟླ་5ཚེས་30ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་གནམ་མཚོའི་རིམ་པ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་སྒར་ས་ནས་པར་དུ་བླངས་པའི“མཐོང་རྒྱ་ཨང་དང་པོ”རྟགས་ཅན་གྱི་མཁའ་ལྡིངས་འཕྲུལ་ཆས་ཡིན་པ།